དེ་རིང་དགོང་མོ་སླར་ཡང་རེབ་གོང་དུ་རང་སྲེག་ལས་འགུལ།

ngangjang_bumཟླ་འདིའི་ཚེས་༡༢ ཉིན་བསྐྱར་དུ་མདོ་སྨད་རེབ་གོང་བདོ་བ་ཡུལ་ཚོ་ནས་སྙིང་ལྕགས་འབུམ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་འདུག

དེ་ཡང་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  དེ་རང་བསྐྱར་དུ་རང་ལུས་མེར་སྲེག་གཏོང་མཁན་སྙིང་ལྕགས་འབུམ་ནི་མདོ་སྨད་རེབ་གོང་མདོ་བ་ཡུལ་ཚོ། ཡོ་ལག་སྡེ་པ་ནས་ཡིན་པ་དང་།

ngangjang_bum

རང་ལོ་༡༨ ཡིན་འདུག ཁོང་གིས་དེ་རིང་དཔའ་བོ་སྙིང་དཀར་བཀྲ་ཤིས་ཀྱིས་མེར་སྲེག་བཏང་ནས་སྐུ་གྲོངས་པའི་གནས་ཚུལ་ཐོན་མ་ཐག ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༧ དང་སྐར་མ་ ༡༨ ཙམ་ལ་རེབ་གོང་མདོ་བ་ཡུལ་ཚོའི་སྲིད་གཞུང་གི་སྒོ་རུ་རང་ལུས་མེར་སྲེག་བཏང་སྟེ་སྐུ་ཡོད་པ་རེད།

ཁོང་གི་ཕ་མིང་ལ་ལྷ་ཕྱུག་དང་(ལོ་༤༤) མ་མིང་ལ་ཚེ་རིང་མཚོ་ལོ་(༣༨) ཟེར་གྱི་ཡོད་པ་དང་། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་པ་ནི། ཆེ་བ་བུ་སྙིང་ལྕགས་འབུམ་ཡིན་འདུག

དེ་རིང་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་མདོ་བ་ཡུལ་ཚོ་སྒྲོ་རོང་དམར་ཐང་རང་ནས་མེར་བསྲེགས་སྟེ་སྐུ་གྲོངས་ཡོད་པ་དང་།རེབ་གོང་མདོ་བ་སྒྲོ་རོང་གད་མར་ཐང་དང་། མདོ་བ་ཞང་ཐོག་དང་དེའི་བར་ལ་ཀེ་ལོ་མིས་ཀྲི་༢༠ཙམ་ཡོད་པ་རེད་འདུག དེ་རྗེས་ས་གནས་སུ་འབྲེལ་བ་བྱེད་སྐབས། ཁ་པར་བརྒྱུད་ལམ་རྒྱ་ནག་གཞུང་གིས་བཀག་ཡོད་འདུག །