གདུང་མཉམ་བསྐྱེད་ལས་འགུལ།

ཟླ་འདིའི་ཚེས་༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ ནས་༡༢ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ཚོགས་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག བོད་ནང་དུ་བོད་བསྟན་པ་ཆབ་སྲིད་དང་རང་དབང་བཅས་ཀྱི་ཆེད་དུ་རང་ལུས་ཞུགས་འབུལ་གནང་དང་གནང་བཞིན་པ་ཚོར་བསྔོ་སྨོན་མཆོད་འབུལ་དང་།

མ་ཎི་གསོག་སྒྲུབ་ཀྱི་ལས་འགུལ་ཞིག་མོན་གྷོ་ས་གནས་གཞོན་ལྷན་ཚོགས་ཁང་དུ་འཚོགས་ཡོད་པ་དང་།  ཚོགས་ཐོག་ཏུ་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་སྡོད་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་ཚོགས་མི་ཉིས་བརྒྱ་མ་ཟིན་ཙམ་མཉམ་ཞུགས་ཐོག་བོད་ནང་གི་རྒྱལ་བཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་མཎི་གསོག་སྒྲུབ་སོགས་གནང་སོང་།

མོན་གྷོ་གསར་འགོད་པས།