བཙུན་མ་གསར་བསྡུའི་གསལ་བསྒྲགས།
བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་འདི་ཉིད་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གི་བཀའ་སློབ་ལམ་སྟོན་དང་བོད་ཀྱི་བཙུན་མའི་ལས་འཆར་སོགས་ཀྱིས་མཐུན་འགྱུར་ལ་བརྟེན་ནས་གཙོ་བོ་བོད་ཆོལ་ཁ་གསུམ་ནས་ཕེབས་པའི་བཙུན་མ་ཚོ་དང།
བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བཙུན་མ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་ཕེབས་པའི་བཙུན་མ་བཅས་ལ་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད་སློབ་གཉེར་ཁང་དེ་བཞིན་གསར་དུ་བཙུགས་ཤིང་། ད་བར་ལོ་ངོ་ལོ་ཉི་ཤུ་ཙམ་གྱི་རིང་གཙོ་བོ་ནང་ཆོས་མཚན་ཉིད་དང་། བརྡ་སྤྲོད་སུམ་རྟགས། དབྱིན་ཡིག་སོགས་སློབ་སྦྱོང་སྤྲོད་བཞིན་ཡོད་ལ། འདི་ལོར་སླར་ཡང་བཙུན་མ་གསར་བསྡུ་བྱ་རྒྱུ་ལགས་ན། འཛུལ་ཞུགས་བྱ་བློ་ཡོད་ཅིང་དགོས་མཁོའི་ཆ་རྐྱེན་ཚང་རིགས་རྣམས་དུས་ཚོད་འགྱངས་མེད་ཞུ་སྙན་འབུལ་རྒྱུ་མ་ཟད་དུས་བཀག་ཚང་རྗེས་སྙན་ཞུ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ། དེ་སྔོན་སློབ་གྲྭ་སོགས་ཀྱི་ལག་འཁྱེར་ཡོད་ན་དེའི་ངོ་བཤུས་འབུལ་དགོས་པའི་ཐོག་ཡིག་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ཡོད་ན་དེའི་ངོ་བཤུས་མཉམ་འཁྱེར་དགོས། གལ་ཏེ་ལག་འཁྱེར་སོགས་གང་ཡང་མེད་ན་འབྲི་ཀློག་གཉིས་ཀྱི་ཡིག་རྒྱུགས་དང་འབྲི་ཀློག་མི་ཤེས་མཁན་གྱི་རིགས་རྣམས་ངག་རྒྱུགས་ཐོག་སྐབས་དང་བསྟུན་ནས་བརྟག་དཔྱད་བྱ་རྒྱུ་ཡིན། རྒྱུགས་འཕྲོད་ཀྱང་འཛིན་གྲྭ་སྔོན་འགྲོ་ནས་རྟགས་རིགས་བར་ལོ་བཞིའི་རིང་ཚོད་ལྟ་ལྟ་བུར་འཇོག་གི་ཡིན། ལོ་བཞི་པ་རྟགས་རིགས་འཛིན་གྲྭའི་ཡིག་རྒྱུགས་དེ་ནི་སློབ་ཚན་རེ་རེ་ནས་ངེས་པར་དུ་བརྒྱ་ཆ་༣༥ རེ་ལོན་དགོས་པ་མ་ཟད་ཡིག་ཚད་ལོན་མིན་ལ་མ་ལྟོས་པར་ཀུན་སྤྱོད་སོགས་ལ་ཞིབ་འཇུག་བྱས་ནས་དངོས་གཞིའི་སྒྲིག་ཁོངས་སུ་བསྡུ་རྒྱུ་ཡིན།
ཆ་རྐྱེན།
༡། བཙུན་མ་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྙན་ཞུ་དང་ཕྱེད་པར་གཅིག
༢། བཙུན་མ་རང་ཉིད་ཀྱི་གཉེན་ཉེ་གང་རུང་གི་རྒྱབ་གཉེར་ཞུ་ཡིག་ཅིག་དགོས།
༣།རང་ལོ་བཅུ་བཞི་ཡན་ནས་ཉེར་ལྔ་མན་ཡིན་དགོས།
༤།༢༠༡༢ ལོའི་ཟླ་༢ ཚེས་༡༥ གོང་ལ་སྙན་ཞུ་ངེས་པར་དུ་འབུལ་དགོས་ལ་ཡིག་རྒྱུགས་ཟླ་༢ ཚེས་༢༨ ཉིན་ཡིན།
འབྲེལ་བ་བྱེད་ས། ༨༦༧༩༡༧༣༣༠༨
བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་ནས། ༢༠༡༢།༡༡།༡༩།ཉིན།