སྨན་རྩིས་ཁང་གི་ལས་བྱེད་གསར་བསྡུའི་གསལ་བསྒྲགས།
༄༅། སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་དང༌། ཕྱོགས་མཐའི་སྡེ་ཚན་ཁག་ཏུ་ངེས་མེད་ལས་རིགས་གར་དགོས་(floating staff )ཀྱི་ལས་བྱེད་གནས་རིམ་༡༠པའི་ས་མིག་ཏུ་ལས་བྱེད་སྐྱེས་པ་གྲངས་༧གསར་བསྡུ་ཞུ་རྒྱུ་ཡིན་ན། འཛུལ་ཞུགས་བྱ་བློ་ཡོད་རིགས་རྣམས་ནས་ ༢༠༡༣ ཟླ་ ༠༢ ཚེས་ ༡༥ འགྱངས་མེད་སྨན་རྩིས་ཁང་ལ་འཚང་སྙན་འབུལ་དགོས།
ཀ༽ ལས་འགན་དང༌། བྱ་སྒོ།
སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་དང༌། ཕྱོགས་མཐའི་སྡེ་ཚན་ཁག་གི་དགོས་མཁོར་དམིགས་ཏེ་ཟླ་གྲངས་ ༡ ནས་ ༤ བར་ས་གནས་གཅིག་ནས་གཞན་དུ་བསྐྱོད་དེ་ལས་རིགས་འདྲ་མིན་དཔེར་ན་སྤྱི་ཐབ་གཉེར་པ། མཛོད་གཉེར། ཐོན་སྐྱེད་དོ་དམ་པའི་ལས་རོགས། ཡིག་སྐྱེལ། སྨན་སྤྲོད། རྩིས་པའི་ལས་རོགས། སྣེ་ལེན་པ། སྨན་རྒྱུ་མཁོ་སྒྲུབ་པའི་ལས་རོགས། སྨན་སྐྱེལ་འདྲེན་པ། དཔྱད་བཅོས་ལས་དྲུང༌། སྨན་སྦྱོར་དང་སྔོ་སྦྱོར་འཕྲུལ་འཁོར་ལས་བྱེད། སྡེ་ཚན་གསར་འཛུགས་ཀྱི་དམིགས་མཁོར་ལས་ཐོག་སྦྱོང་བདར་སོགས་ལས་རིགས་སྣ་ཚོགས་བླང་དགོས་པ་ཡིན། ལོ་གཅིག་ཚོད་བལྟའི་རིང་ས་གནས་ཁག ༣།༤ ལ་དུས་ཚོད་ངེས་མེད་ཐོག་བསྐྱོད་དགོས་པར་བརྟེན། བཟའ་ཟླ་ནང་མི་ཡོད་ཚེ་མཉམ་འཁྲིད་མི་ཆོག་པ་ཡིན།
ཁ༽ འདེམས་རྒྱུགས་སུ་བྲིས་རྒྱུགས་དང༌། ངག་རྒྱུགས།
བྲིས་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ ༥༠ ལོན་པའི་ཁོངས་ནས་རྩེ་ཐོན་པ་གྲངས་ ༡༢ ནས་ ༡༥ བར་ཇི་དགོས་དབུས་སུ་གཟུགས་གཞི་བརྟག་དཔྱད་དང༌། ངག་རྒྱུགས་ཆེད་འབོད་འགུག་བྱ་རྒྱུ། གཟུགས་གཞི་བརྟག་དཔྱད་དུ་འགོ་ནད་ཀྱི་ནད་གཞི་གློ་གཅོང་(TB) དང༌། མཆིན་ནད་དུག་ཐབ། Hep “B” positive གཉེན་ནད་རེག་དུག་HIV positive བརྟག་དཔྱད་ཞུ་རྒྱུ། དེའི་འགྲོ་གྲོན་དང༌། འགྲུལ་བཞུད་ཀྱི་སྤྱི་སྤྱོད་རླངས་འཁོར་འགྲོ་གྲོན་སྨན་རྩིས་ཁང་ནས་འབུལ་རྒྱུ།
ག༽ འདེམས་བསྐོ།
བདེ་ལེགས་སྨན་ཁང་ནས་བརྟག་དཔྱད་གྲུབ་རྗེས་ངག་རྒྱུགས་བླང་རྒྱུ། ངག་རྒྱུགས་དང༌། བྲིས་རྒྱུགས་གཉིས་ཀྱི་ཐོབ་བསྡོམས་རྩེ་ཐོན་པ་གྲངས་བདུན་འདེམས་སྒྲུག་ཞུ་རྒྱུ་ཡིན།
ང་༽ འབྲེལ་བ་གནང་ཕྱོགས།
གཞི་རྩའི་ཆ་རྐྱེན་དང༌། སྒྲིག་གསལ་ཐོབ་ཐང༌། འཚང་སྙན་འགེངས་ཤོག་འགེངས་ཕྱོགས། བྲིས་རྒྱུགས་གོ་སྒྲིག་གནང་ཕྱོགས་བཅས་གལ་འགང་ཆེ་བའི་དོན་གནད་ཞིབ་ཁྲ་སྨན་རྩིས་ཁང་གི་དྲྭ་རྒྱ་www.men-tsee-khang.org གཟིགས་ཞིབ་གནང་འཐུས། དབུས་སྨན་རྩིས་ཁང་ནས་ ༢༠༡༢ ཟླ་ ༡༡ ཚེས་ ༡༤ ལ།། །།