ང་ལ་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་སྐོར་དང་འབྲེལ་བ་མེད།

ཉེ་ཆར་ཨ་རིའི་གྲོས་ཚོས་འཐུས་མི་ཌོ་ནཱ་ རོ་ར་བྷ་ཆར་གྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་སྐོར་དང་། ཨ་རིའི་རོགས་དངུལ་བེད་སྤྱོད་ལོག་པར་འགྲོ་ཡི་ཡོད་སྐོར་གྱི་ཡི་གེ་ཞིག་སྲིད་སྐྱོང་བློང་བཟང་སེང་གེའི་མཚན་ཐོག་ཏུ་བཏང་ཡོད་པ་རེད།

ཟླ་འདིའི་ཚེས་༢༡ ཉིན་དེའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ནང་ཁུལ་གནད་དོན་སྐོར་ལ་བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད།

བོད་མིའི་སྒྲིག་འཛུགས་ནང་རོགས་དངུལ་བེད་ལོག་བྱས་རིགས་གཏན་ནས་མེད་པར་ཕྱི་གསལ་ནང་གསལ་ཡིན་པར་ང་ཚོར་གདེང་སྤོབས་ཆེན་པོ་ཡོད། སྤྱི་ཚོགས་བདེ་དོན་དང་འཛུགས་སྐྲུན་ཆེད་གནང་སོན་བྱུང་བའི་རོགས་དངུལ་ཨ་སྒོར་རེ་རེ་བཞིན་རྩིས་ཞིབ་འཕེར་བ་ཡོད་པ་མ་ཟད། རོགས་ཚོགས་སོ་སོར་རྩིས་ཁྲ་འབུལ་དགོས་ལྟར་རོགས་དངུལ་བེད་སྤྱོད་ཇི་བཏང་གི་རྩིས་ཁྲ་ཆ་ཚང་དང་ཁ་གསལ་འབུལ་བཞིན་ཡོད།

ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་རེད། ཕྲན་ནས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་གལ་ཆེའི་ལས་དོན་འདིའི་ཐོག་དངུལ་དངོས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞེས་འཁོད་ཡོད་པ་རེད།

ཨ་རིའི་ཚོགས་ཚོགས་འཐུས་མི་མི་ཌོ་ནཱ་ རོ་ར་བྷ་ཆར་(Dana Rohrabacher)གྱིས་བཏང་བའི་ཟླ་འདིའི་ཚེས་༡༩ འཁོད་པའི་ཡི་གེ་དེའི་ནང་འཁོད་དོན།

བརྩེ་བའི་སྲིད་བློན་མཆོག་ལ།

སྲིད་བློན་མཆོག་དང་དེ་མིན་བོད་ཀྱི་དཔོན་རིགས་བློ་བཟང་སྙན་གྲགས་དང་། རྒྱ་རི་རིན་པོ་ཆེ། ཟམ་གདོང་རིན་པོ་ཆེ་ལ་སོགས་པས། བོད་ཀྱི་གནད་དོན་ཆེད་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པ་དེ་ཉུང་དུ་གཏོང་བཞིན་པར། ངས་ཁོང་ཁྲོའི་ཚོར་སྣང་དང་བཅས་ཏེ་ཞུ་ཡིག་འདི་བྲིས་པ་ཡིན། དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། དེའི་ནང་གི་བོད་པ་ཨ་རི་བ་ལས་བྱེད་ཚོའི་ལས་དོན་ཧུར་བརྩོན་ལ། ཁྱེད་དང་ཁྱེད་ཀྱི་ལས་དོན་རུ་ཁག་གིས་རིན་ཐང་མེད་པའི་ལྟ་སྟངས་ཀྱི་རྣམ་པ་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས།

ད་དུང་ངས་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཤེས་ཚོད་ལ། ཨ་རི་གཞུང་གིས་བོད་མི་ཚོར་བཏང་བའི་མ་དངུལ་དེ་བེད་སྤྱོད་ལོག་པར་འགྲོ་བཞིན་ཡོད་ཚོད་འདུག ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཡན་ལག་སྡེ་ཚན་ལ་གནོན་ཤུགས་དང་སྐུལ་འདེད་ཀྱིས། སྐྱབས་བཅོལ་གྱི་གནས་བབས་ཡར་རྒྱས་ལ་རོགས་རམ་དང་སྐྱབས་བཅོལ་དུ་ལེན་རྒྱུ། ད་དུང་རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་དབང་སྒྱུར་བྱས་ཡོད་པར་བརྟེན། བོད་མི་ཚོས་འཐབ་རྩོད་བྱེད་པར་དུས་ཡུན་རིང་པོར་རྒྱབ་སྐྱོར་དགོས་པ་བཅས་ལ། དཀའ་ལས་བརྒྱབ་ནས་ལོ་མང་འགོར་ཡོད་པ་རེད། གལ་སྲིད་ཨ་རིའི་རོགས་རམ་དེ་བེད་སྤྱོད་ལོག་པ་གཏོང་གི་ཡོད་པའམ། གཅིག་བྱས་ན་རྒྱ་ནག་དམར་ཕྱོགས་ཀྱི་མིའི་ཨམ་ཕྲག་ནང་སོང་བའི་དུས་ཤིག་བྱུང་ཡོད་ན། ངས་བོད་ཀྱི་གནད་ཡོད་མི་སྣའི་ཐད་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ལ། དེ་དང་འབྲེལ་ནས་ཐག་གཅོད་ཀྱང་བྱེད་ཀྱི་ཡིན།

ཨ་རིའི་ཕྱིའི་རོགས་རམ་ཐེབས་རྩ་དེ། རྒྱ་ནག་དམར་ཕྱོགས་ཚོགས་པར་འཐབ་རྩོད་བྱེད་མཁན་ཏེ་རྒྱ་རིགས་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བ་བཅས་ཀྱིས་རྒྱ་ནག་དམར་ཕྱོགས་ཚོགས་པ་མང་གཙོ་ཅན་དུ་བསྒྱུར་རྒྱུ་དང་། རང་དབང་གི་ཆེད་དུ་དཀའ་ངལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་ལ་གཏོང་དགོས་ངེས་ཡིན་ཞིང་། ཁོང་ཚོ་ནི་ལྐོག་ཟ་བ་མེད་པ་བཟོ་འདོད་མེད་པ་དང་། དབང་ཆ་གཅིག་བསྡུས་ཀྱི་གཞུང་གི་སྒྲོམ་རྟེན་ལ་ལངས་མཁན་གྱི་བོད་པའི་དཔོན་རིགས་དང་འདྲ་པོ་མེད།

བོད་མི་༧༥ རང་ལུས་མེར་སྲེག་བཏང་བ་དེ་ཁྱེད་ཚོས་སྲིད་བྱུས་བཟུང་ནས་རྩོད་བཞིན་པའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་འོག་ནས་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་ཅིག་ཆགས་རྒྱུའི་ཐོབ་ཐང་གི་ཆེད་དུ་མ་རེད། ཁོང་ཚོས་རང་ཉིད་རང་གིས་བསད་པ་དེ། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་། རྒྱ་གཞུང་གིས་ཁྲིམས་འགལ་གྱི་དབང་སྒྱུར་དེ་མཇུག་བསྡུས་པའི་ཆེད་དུ་རེད།

ཨ་རིའི་གྲོས་ཚོགས་ནང་གི་བོད་ཀྱི་གྲོགས་པོ་ཚོས། ཁོང་ཚོའི་དམིགས་ཡུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཁོང་ཚོའི་བློས་བཏང་ལ་མྱ་ངན་བྱེད་ཀྱི་ཡོད། ཁོང་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། གནད་དོན་དེ་དག་གི་ཐོག་ནས་ཁྱེད་དང་ཁྱེད་ཀྱི་ཚོགས་པས། བོད་མི་ཚོས་དགྱེས་ཚོར་གྱིས་ཕྱི་གསལ་ནང་གསལ་གྱི་བགྲོ་གླེང་བྱས་པ་དང་། རང་དབང་གི་གནས་ཚུལ་བརྗེ་སྒྱུར་བྱས་པའི་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མཁོ་སྤྲོད་དེ་དག བཙན་འཕྲོག་བྱས་པ་དེར་ངས་བཟོད་སྒོམ་བྱེད་ཐུབ་ཀྱི་མ་རེད། བོད་ཕྱི་ནང་གཉིས་ཀའི་ནང་ཨ་རིའི་རོགས་དངུལ་ཐོབ་མཁན་ཚང་མ་དོན་ལྡན་དང་དགོས་མཁོར་དམིགས་པ་ལྟར་བྱུང་ཡོད་མེད། ཨ་རིའི་ཁེ་ཕན་བཅས་དོན་འགྱུར་ཡོང་བར་ངས་ཞིབ་འཇུག་ནན་པོ་བྱེད་རྒྱུ་ཡིན།

ཡི་གེ་འདིའི་མ་རྩོམ་དབྱིན་ཡིག་ཡིན་པས་དེར་རྩ་འཛིན་བྱེད་དགོས།

https://www.facebook.com/messages/100002418176348