ཕ་མ་དྲན་པའི་སེམས་ཚོར།

ཧམ་ཆེན་རྒྱ་དམར་གཞུང་གིས། །

སྡུག་པའི་སྲིད་འཇུས་འོག་ནས། །

འཚོ་བའི་རང་དབང་མེད་པས། །

བསྐྱིད་པའི་རང་ཡུལ་བཞགས་ནས། །

མི་ཡུལ་ས་མཐར་སླེབས་སོང་། །

གོངས་ས་མཆོག་གིས་ཐུགས་རྗེས། །

མི་ཡི་གྲལ་ལ་ཚུད་སོང་། །

དྲིན་ཆེན་ཕ་མའི་བཀའ་དྲིན། །

ལེ་བར་སྟོང་ཕྲག་བརྒལ་ཡང་། །

ནམ་ཡང་བརྗེད་ཐབས་མིན་འདུག །

རང་ཡུལ་ཕྱོགས་ནས་ཕ་མས། །

སེམས་པ་སྟེང་གི་རེ་བ། །

སྙིང་གི་བུ་ལ་བཅང་ཀྱང་། །

བུ་ངས་བསྐང་བ་དཀའ་སོང་། །

ཕ་མ་དྲན་པའི་སྡུག་བསྔལ། །

སུ་ལ་བཤད་ས་མིན་འདུག །

སྐྱབས་གནས་དཀོན་མཆོག་རྣམས་གསུམ། །

བུ་ངས་ཕྱོགས་ལ་གཟིགས་དང་། །

ལས་འབྲས་སླུ་མེད་ཡིན་ན། །

སྨིན་པའི་དུས་ལ་བབ་འདུག

དྲངས་བདེན་རྒྱལ་ཁ་ཡོད་ན། །

ཐོབ་པའི་དུས་ཚོད་ཤར་ཤག །

བུ་ཆུང་རྒུག་ཡུན་རིང་སོང་། །