མདོ་སྨད་ཀླུ་ཆུ་རྫོང་ནས་རང་ལུས་མེར་སྲེག་གི་ངོ་རྒོལ།
ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༤ ཡས་མསུ་མདོ་སྨད་ཀླུ་ཆུ་རྫོང་ཆོས་འཁོར་འཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས་ཆོས་འཁོར་སྡེ་པའི་པད་མ་རྡོ་རྗེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་ཡོད་འདུག
དེ་ཡང་ཁོང་གི་སྐད་འབོད་ནི་༧རྒྱལ་དབང་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ཀྱི་ས་ཆ་བོད་མིའི་འཛིན་དགོས། བོད་རང་བཙན་དགོས། བོད་པ་ཚོ། ཐུན་སྒྲིལ་བྱོས་སོགས་ཀྱི་སྐད་འབོད་བརྒྱབ་འདུག
དེ་ཡང་བྱེས་འབྱོར་ཀླུ་ཆུ་བ་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ནི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་པའི་ཕ་ཨོ་རྒྱན་སྐྱབས་དང་མ་ཚེ་གཟུངས་མཚོ་གཉིས་ཀྱི་བུ་ཡིན་ལ། ཁོང་ད་ལྟ་རང་ལོ་ ༢༣ དང་། ཁོང་དང་ཁོང་གི་ཁྱིམ་གྱི་འཚོ་ཐབས་ཞིང་པ་ཡིན། ཁོང་གིས་ཕྱི་ཟླ་ ༡༢ ཚེས་ ༨ བོད་ཟླ་ ༡༠ ཚེས་ ༢༥ ཉིན་རང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་པ་ནས་སྤྱི་ལེ་༣༠ ལྷག་ཡོད་པའི་ཤིས་ཚང་དགོན་པར་ཆེད་དུ་ཡོང་སྟེ་དགོན་པའི་མདུན་ཐད་ཀྱི་རྩྭ་རའི་ནང་ནས་མེར་སྲེག་གྲ་སྒྲིག་ཆ་ཚང་བྱས་ཤིང་། ཕྱིས་སུ་མེར་སྲེག་གཏོང་མཁན་ཁོ་རང་ཡིན་པར་ཤེས་པའི་ཆེད་ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་ཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་འདུག་ཟེར། དེ་ནས་འདུ་ཁང་གི་མདུན་ཐང་དུ་ཡོང་སྟེ་སྐད་ཤུགས་ཆེན་པོས་ལྷ་རྒྱལ་ལོ་ཞེས་དང་། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ནང་དུ་མྱུར་དུ་ཕེབས་དགོས་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་སྲེག་བཏང་འདུག སྐབས་དེར་ཤིས་ཚང་དགོན་པའི་འདུ་ཁང་དུ་གྲྭ་མང་ཚོགས་འཚོགས་བཞིན་པའི་སྐབས་ཡིན་ལ། ཚོགས་གྲོལ་དུས་ཁོང་ཐང་ལ་འགྱེལ་ཡོད་ལ་ལུས་སྟེང་དུ་མེ་དམར་ལམ་ལམ་འབར་བཞིན་ ཡོད་འདུག དེ་མ་ཐག་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་ཁོང་གི་སྐུ་ཕུང་སྐྱེས་ཡུལ་ཆོས་འཁོར་ སྡེ་པར་གདན་དྲངས་ཡོད་པ་རེད། ད་ལྟ་ཀླུ་ཆུའི་ཤིས་ཚང་ཡུལ་དུ་དམ་དྲག་དང་བཀག་རྒྱ་ཧ་ཅང་ཆེ་བའི་སྒང་ཡིན་པས་ རྗེས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་མ་ཐུབ།
རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེས་རང་ལུས་མེ་སྲེག་བྱས་པ་ནི་ད་སྔ་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་བོད་བསྟན་ ད་ཀྱི་ཆེད་དུ་རང་ལུས་མེ་སྲེག་བྱས་པ་ཐེངས་གཉིས་པ་ཡིན་ལ། ཁོང་ནི་བོད་ཁམས་སུ་ད་བར་རང་ལུས་མེ་སྲེག་གཏོང་མཁན་གྲངས་ ༩༣ དེ་རེད། ཤིས་ཚང་ཡུལ་གྱི་རང་ལུས་མེ་སྲེག་ཐེངས་དང་བོར་གཏོང་མཁན་ནི་ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༢ དགོང་མོར་རང་ལོ་ ༢༣ ཡིན་པའི་ཤིས་ཚང་དཔལ་སྒུར་ནགས་རི་ཚོ་བའི་རྟ་མགྲིན་སྐྱབས་ཡིན་པ་རེད།
བོད་ནས་འབྱོར་བའི་འབོད་ཚིག