སྙིང་གཏམ་འཁོལ་མ།
སེམས་པ་སྐྱོ་བའི་སྐད་ཆ།།
སྙིང་གི་གྲོཊ་ལ་བཤད་ཀྱད།།
སྙིང་གྲོཊ་བྲེལ་བ་ཆེ་བས།།
སྙིང་གཏམ་ཉན་ཁོམ་མི་འདུག།
སེམས་པ་སྐྱོ་བའི་སྐད་ཆ།།
གྲོཊ་ལ་བཤད་འདོད་བྱུང་ཡང།།
རྒྱུ་འབྲས་གང་གིས་ཡིན་ནམ།།
ཁོ་བོས་གསན་འདོད་མི་འདུག།
ཟིན་གྲོཊ་རྣམ་པ་ལྷན་རྒྱས།།
གུས་མོའི་སྙིང་གཏམ་དེ་ལ།།
སེམས་གསོ་ཡིན་ཁུལ་བྱེད་ནས།།
ལན་འདེབས་ཡོང་བའི་རེ་བ།།