སྦེལ་རྗམ་གྱི་རྒྱ་ནག་གཞུང་ཚབ་ཏུ་རྒོལ་མཆོང་།

2012_12_10_belguim1

ཟླ་འདིའི་ཚེས་༡༠ ཉིན་ཡུ་རོབ་སྦེལ་རྗམ་གྱི་རྒྱ་ནག་གཞུང་ཚབ་ཏུ་བོད་མིས་ངོ་རྒོལ་བྱས་པ་དང་། བུད་མེད་ཅིག་གཞུང་ཚབ་ནང་མཆོང་ཐབས་བྱས་པར་བརྟེན། ཉེན་རྟོག་པས་བརྡུང་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག

དེ་ཡང་ས་གནས་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། སྦེལ་རྗམ་བོད་རིགས་ཚོགས་པ་དང་། ཆུ་བཞི་སྒང་དྲུག་ཚོགས་པ། 2012_12_10_belguim2གཞོན་ནུ་ཚོགས་པ། རྒྱ་བོད་མཛའ་འབྲེལ་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག བོད་མི་བརྒྱ་ཕྲག་དྲུག་ལྷག་འདུ་འཛོམས་ཐོག འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ་སྲུང་བརྩི་བྱས་པ་དང། དེ་ནས་མི་མང་གིས་གོམ་བགྲོད་བྱས་ཏེ། རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས། བུད་མེད་ཅིག་གིས་སེམས་ཚོར་དྲག་པོས་རྒྱ་ནག་གཞུང་ཚབ་ཁང་ནང་རྒོལ་མཆོང་བྱེད་ཐབས་བྱས་ཏེ། སྦེལ་རྗམ་གྱི་ཉེན་རྟོག་པས་དབྱུག་པས་གཞུས་ནས་ཛ་དྲག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་རེད།།