ལྷག་དཀར་ཉིན་བོད་ཆས་རིན་གོང་བརྒྱ་ཆ་༢༠ བཅགས་ནས་འཚོང་སྒྱུར་བྱ་རྒྱུ་ཡིན།
བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་གྱོན་ཆས་འཆར་འགོད་པ་ཕུར་བུ་ཚེ་རིང་གི་༼གནའ་དེང་བོད་ཀྱི་གྱོན་ཆས་མཛེས་བཟོ་ཁང་༽ནས། ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་དང་པོ་སྟེ་ལོ་གསར་པ་ནས་འགོ་བཙུགས་སྟེ། ལྷག་དཀར་ནམ་ཡིན་ལ་སྲོལ་རྒྱུན་བོད་ཀྱི་གྱོན་ཆས་རྣམས་ལ་བརྒྱ་ཆ་ ༢༠ ཆགས་ཡངས་ཀྱིས་ཚོང་སྒྱུར་བྱ་རྒྱུ་ཡིན།
དེའི་དགོས་དམིགས། ༡༽ རང་ཉིད་ཀྱིས་འཇོན་ཚོད་ལས་ཀ་འདིའི་ཐོག་ནས་བོད་རིགས་སྤུན་ཟླ་རྣམས་ལ་སེམས་པའི་མཚོན་བྱེད་དུ་ཡིན།
༢༽བོད་ཀྱི་རིག་གཞུང་གི་ཆ་ཤས་སུ་གྱུར་པའི་སྲོལ་རྒྱུན་བོད་ཀྱི་གྱོན་ཆས་མི་ཉམས་ བརྒྱུད་དང་ཉམས་པ་སླར་གསོ་ཐོག རང་རེའི་སྤྱི་ཚོགས་ནང་དལ་སྤེལ་རྒྱ་ཁྱབ་འགྲོ་ཐབས།
༣༽རང་རེའི་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་སྲུང་བརྩི་ཞུ་བཞིན་ པའི་༼ལྷག་དཀར་༽གྱི་ལས་འགུལ་འདི་ལ། ཁ་ཙམ་མིན་པའི་དོན་གྱི་ཆ་ནས་གཞོགས་འདེབས་སུ་དམིགས་པ་ཞིག་ཡིན།
འབྲེལ་གཏུགས།
Phurbu Tsering
Opp. Parsh Ram Tea Shop.
Near Temple, Mcleod Ganj-17629
Distt Kangra (H.P) India.
Mob: 09816836377
གྲྭ་གནས་འདིར་གཟིགས། http://www.tibetanfashion.com