བུད་མེད་ཅིག་གིས་རང་སྲེག་ངོ་རྒོལ་བྱས་པ་གསར་དུ་ཤེས་རྟོགས།
ཁམས་སྐྱེ་རྒུ་མདོར་ས་ཡོམས་བརྒྱབ་རྗེས། ཁང་ཁྱིམ་བསྐྱར་གསོ་ཞེས་པའི་ལས་གཞིའི་འོག་རྒྱ་ནག་གཞུང་གིས་མི་མང་གི་ས་ཆ་མང་པོ་གཞུང་བཞེས་བཏང་བས། ཕྱི་ཟླ་༩ པའི་ཚེས་༡༣ ཉིན་བོད་ཀྱི་བུད་མེད་པ་སངས་ལྷ་མོ་ཞེས་པ་ཞིག་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བ་
ཟླ་འདིའི་ཚེས་༣ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་སྤེལ་འདུག
༢༠༡༢ ལོའི་ཕྱི་ཟླ་༦ ཚེས་༢༦ ཉིན་རྒྱ་ནག་གཞུང་གིས་ས་ཆ་བཙན་འཕྲོག་བྱས་པར། མི་མང་གིས་ཞི་བའི་ངོ་རྒོལ་བྱས་པ་དང་། ཉིན་དེར་བུད་མེད་བདེ་སྐྱིད་ཆོས་འཛོམས་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཡོད་པ་རེད། ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། དེ་རྗེས་ཀྱི་གནས་ཚུལ་གསལ་པོ་བྱུང་མེད་པ་རེད། དེ་རྗེས་ཕྱི་ཟླ་༩ པའི་ཚེས་༡༣ ཉིན་པ་སངས་ལྷ་མོས་ས་ཆའི་བདག་དབང་ཆེད་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། ད་ལྟ་ཁོང་སྨན་ཁང་ཡོད་པའི་གནས་ཚུལ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་རྒྱ་ནག་གི་བརྒྱུད་ལམ་ལུང་འདྲེན་བྱས་འདུག །