ལྷག་བསམ་བཟང་པོས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།

 atuk_tseten ལྷོ་ཕྱོགས་བརྒྱུད་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མཁན་གྱི་སྤྱི་འཐུས་ཚོས་རྒྱ་གར་གྱི་མངའ་སྡེའི་བློན་ཆེན་དང། གྲོས་ཚོགས་འཐུས་མི། ས་གནས་ཀྱི་དཔོན་རིགས་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་བྱེད་བཞིན་ཡོད་པ་རེད།

ཚེས་༡༣ ཉིན་སྔ་དྲོ་རྒྱལ་ཁབ་ཁག་དུ་མའི་ནང་གཞུང་ཚབ་གནང་མྱོང་བ། ད་ལྟ་རྒྱ་གར་དབུས་གཞུང་གི་བདེ་འཇག་སློབ་སྟོན་པ་ཀྲེ་པེ་ཤི་རིས་ན་བ་སན་མཇལ་འཕྲད་གནང་བ་དང་། བོད་དོན་འདི་རྒྱ་གར་ལ་མཚོན་ན་འབྲེལ་བ་ཆེན་པོ་ཡོད་པས།

atuk_tseten

ནམ་ཡང་བློས་གཏོང་མི་སྲིད་སྐོར་གསུངས་འདུག དེའི་རྗེས་ཀེ་ར་ལ་གྲོས་ཚོགས་ཚོགས་གཙོ་རྗེའི་ཀར་ཐི་ཀི་ཡན་དང་། མཇལ་འཕྲད་བྱས་པ་དང་། ཚོགས་གཙོས་ཆེ་མཐོང་མཚོན་ཆེད་དུ་སྒོར་བསུ་བར་ཕེབས་ཏེ་སྣེ་ལེན་ཞུས་པ་མ་ཟད། གསར་འགོད་པ་༢༨ ཙམ་ཆེད་འགུག་བྱས་འདུག་ལ། ཁོང་གིས་སྤྱི་འཐུས་རྣམས་ལ་ཕྱག་རྟགས་གནང་བ་དང། ལྷག་པར་དུ་ཀེ་ར་ལའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་ཁོང་ཉིད་ཀྱིས་ཕྱག་བྲིས་“བྱམས་བརྩེ་དང་ལྷག་བསམ་བཟང་པོས་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་”ཅེས་མཚན་རྟགས་དང་བཅས་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་བོད་པའི་སྤྱི་འཐུས་ཚོ་དེར་ཡོང་དོན་དང་། བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།

 

དེ་ལྟར་རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་འགན་ཁུར་བ་ཕྱོགས་བཞུགས་སྤྱི་འཐུས་རྣམས་ནི་སྤྱི་འཐུས་རྒྱ་རི་པུ་ཕྲུག་ དང་། སྤྱི་འཐུས་བུ་མོ་ཚེ་རིང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་བློ་བཟང་ཡེ་ཤེས། སྤྱི་འཐུས་འཇིགས་མེད་འབྱུང་གནས།  སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་རེད་འདུག །