༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།

hh_2013_1_25_1༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་གཙོས་པས་ཐེངས་འདིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཞོགས་པར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་།

དེ་ཡང་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་གཙོས་པས་ཝ་རཱ་ཎ་སི་དང་། རྒྱ་གར་གྱི་ས་གནས་གཞན་ཁག་གི་ཐེངས་འདིའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་ཞོགས་པར་གྷལ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་མཚམས། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་རྣམ་པ་བཅར་ཏེ་ཕེབས་བསུ་དང་། དེ་བཞིན་ལམ་བར་གྱི་ས་ཚིགས་ཁག་ནས་མི་མང་གིས་ཕེབས་བསུའི་ཁྲོད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

hh_2013_1_25_1