བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་གསར་འཛུགས།

tnc_ny2ཟླ་འདིའི་ཚེས་༡༣ ཉིན་ཏེ། རྒྱལ་དབང་སྐྲུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་ནན་གྱིས་གསལ་བསྒྲགས་སྤེལ་དེ་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨ་རི་དང་། ཡུ་རོབ་སོགས་རྒྱལ་ཁབ་ཁག་ཅིག་གི་ནང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཤིག་གསར་འཛུགས་བྱས་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོ་ཨ་རིའི་གྲོང་ཁྱེར་ནུའུ་ཀོག་དང་། ཡུ་རོབ་ཀྱི་ཧྤ་རན་སིའི་རྒྱལ་སར་མཛད་སྒོ་འཚོགས་ཡོད་པ་རེད། མཛད་སྒོའི་སྐབས་བསོད་ནམས་དང་། འཇིགས་མེད་ཨུ་རྒྱན། ཨ་འབྲུག་ཚང་གྲགས་པ། ཞ་སྒབ་པ་དབང་ཕྱུག། རྩོམ་པ་པོ་འཇམ་དབྱངས་ནོར་བུ་སོགས་ཀྱིས་གཙོ་འགན་ཁུར་ཡོད་པ་རེད།

tnc_nyལྷན་ཚོགས་དེའི་དམིགས་ཡུལ་ནི་བོད་རང་བཙན་བསྐྱར་གསོ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཐུབ་ཆེད། བོད་མིའི་མང་གཙོ་ཡར་རྒྱས་གཏོང་ཐབས་བཅས་ཡིན་འདུག་ལ། མི་སུ་ཡིན་ཡང་ཚོགས་པ་དེའི་ཚོགས་མི་བྱས་ཆོག་གི་ཡོད་པ་རེད། འདི་ལོ་ཕྱི་ཟླ་༩ པའི་ནང་དམིགས་བསལ་གྱི་ཚོགས་ཆེན་ཞིག་བསྐོངས་སྟེ། དེའི་སྐབས་ལྷན་ཚོགས་དེའི་ལས་དོན་བྱེད་ཕྱོགས་གཙོ་བོ་གཏན་འབེབས་བྱེད་འཆར་ཡོད་འདུག །