སྐུ་འབུམ་དགོན་པར་རྒྱ་དམག་གིས་དམ་དྲག
ཟླ་འདིའི་ཚེས་༢༤ ཉིན་ཨ་མདོ་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་གྱི་ཉིན་མོ་ཞེས་མི་མང་མཆོད་མཇལ་དུ་འགྲོ་བའི་དུས་ཆེན་ཞིག་ཡིན་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་དྲག་ཆས་ཉེན་རྟོག་པ་ཧ་ཅང་མང་པོ་བཏང་ནས་དམ་དྲག་བྱེད་ཀྱི་ཡོད་པ་དང་། མི་མང་མཇལ་མཆོད་དུ་འགྲོ་མཁན་ཚོ་དམག་གིས་བསྐོར་དེ་མི་མང་ལ་ལྷོད་ལྷོད་མཆོད་མཇལ་བྱེད་འཇུག་གི་མེད་པ་རེད།
དེ་བཞིན་ཨ་མདོ་རོང་བོ་དགོན་པའི་མདུན་དུ་དམག་མི་བརྒྱ་ཕྲག་མང་པོ་འགྲེམས་འཇོག་གིས་མཆོད་མཇལ་བ་མཐའ་བསྐོར་ནས་དམ་དྲག་བྱས་ཡོད་པ་རེད།།
སྐུ་འབུམ་དགོན་པར་མཆོད་མཇལ་སྐབས།