ས་རཱ་མཐོ་སློབ་ཀྱི་སློབ་མ་གསར་བསྡུའི་གསལ་བསྒྲགས་ཁག་གཉིས།
༡༽མཚམས་སྦྱོར་འཛིན་གྲྭ
གཞི་རིམ་འཛིན་གྲྭ་བཅུ་གཉིས་སློབ་ཐོན་ཟིན་པའི་ལག་ཁྱེར་ཡོད་པའི་སློབ་མ་རྣམས། ཚུད་རྒྱུགས་བཏང་སྟེ་རྒྱུགས་འཕྲོད་པ་རྣམས་ལ་ས་མིག་ལ་གཞིགས་ཏེ་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་དམིགས་བཀར་བོད་ཡིག་རྨང་གཞི་སྲ་བརྟན་ཆེད་ལོ་གཅིག་རིང་སློབ་སྦྱོང་སྤྲོད་རྒྱུ་དང་།
ལོ་གཅིག་རྫོགས་མཚམས་སུ་མཐོ་རིམ་རིག་གནས་འཛིན་གྲྭའི་ཚུད་རྒྱུགས་ལ་ཞུགས་ནས་རྒྱུགས་ལོན་པ་ཁག་མཐོ་རིམ་རིག་གནས་འཛིན་གྲྭར་སློབ་འཇུག་བྱ་རྒྱུ་ཡིན།
ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པ་དང་ལྷན་དུ་རྒྱ་གར་མཐོ་སློབ་ཁག་ལ་ (Correspondence Course)ཡིག་འགྲུལ་སློབ་སྦྱོང་གི་མཐུན་འགྱུར་ཡང་ཞུ་བཞིན་ཡོད་པས་མཚམས་སྦྱོར་ཡིག་རྒྱུགས་ལ་ཞུགས་བློ་ཡོད་པ་རྣམས་ནས་གཤམ་གསལ་ཆ་རྐྱེན་ཚང་བའི་ཐོག་སྙན་ཞུ་༢༠༡༣ ། ༣ ༢༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཡོང་བ་ཞུ།
《འདི་ག་མཐོ་སློབ་ཀྱི་སྙན་ཞུའི་སྔོན་འདི་ལོའི་ལག་འཁྱེར་རག་མེད་ཚེ་སློབ་སྤྱིས་འཛིན་གྲྭ་བཅུ་གཉིས་ཐོན་པའི་ངོ་སྦྱོར་ཡི་གེས་འཐུས་ཀྱང་རྗེས་སུ་མཐོ་སློབ་ལ་དངོས་སུ་ཞུགས་སྐབས་ངེས་པར་དུ་མཉམ་འཁྱེར་དགོས།》
༢༽སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་སློབ་མ།
གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་ལག་ཁྱེར་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་གི་ཤེས་ཚད་གང་འཚམ་ཡག་པོ་ཡོད་ཅིང་། མཐོ་རིམ་རིག་གནས་སློབ་སྦྱོང་བྱེད་རྒྱུར་འདུན་པའང་ཤུགས་ཆེ་ཡོད་པའི་ན་གཞོན་རྣམས་ཀྱི་ཆེད། ཡིག་རྒྱུགས་ལམ་ནས་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་སློབ་མ་གསར་བསྡུ་བྱ་རྒྱུ་དང་། རྒྱུགས་འཕྲོད་ཀྱང་ས་རཱ་མཐོ་སློབ་ལ་མ་ཚུད་པ་དང་། རང་གི་ལས་ཀ་བྱེད་བཞིན་པའི་ངང་ནས་མཐོ་རིམ་སློབ་སྦྱོང་བྱེད་འདོད་པར་(Correspondence Course)ཡིག་འགྲུལ་ལམ་ནས་མཐོ་རིམ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པས། སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་ཀྱི་ཚུད་རྒྱུགས་ལ་ཞུགས་བློ་ཡོད་པ་རྣམས་ཀྱིས་སྙན་ཞུ་༢༠༡༣།༣།༢༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཡོང་བ་ཞུ།
《༢༠༡༣ ནས་མཐོ་རིམ་རིག་གནས་ཚུད་རྒྱུགས་ནང་རང་གི་འདོད་མོས་ཀྱི་སྐད་ཡིག་གཉིས་པ། དབྱིན་ཡིག་གམ། རྒྱ་ཡིག་གང་རུང་ཞིག་ལ་རྨང་གཞི་ཙམ་གྱི་རྒྱུགས་སྤྲོད་བྱེད་དགོས་ཤིང་། གལ་ཏེ་རིག་གནས་རྒྱུགས་འཕྲོད་ཀྱང་སྐད་ཡིག་གཉིས་པའི་རྨང་གཞི་ཙམ་གྱི་རྒྱུགས་མ་འཕྲོད་པའི་རིགས་ལ་སྐད་ཡིག་གཉིས་པའི་མཚམས་སྦྱོར་གོ་སྐབས་ལོ་གཅིག་རིང་སྤྲོད་རྒྱུ་དང་རྗེས་སོར་སྐད་ཡིག་གཉིས་པ་རྒྱུགས་འཕྲོད་མཚམས་མཐོ་རིམ་རིག་གནས་སུ་ཐད་ཀར་འཛུལ་ཞུགས་ཆོག་པས་དགོངས་འཇགས་ཞུ།》
༡༽སྐྱེས་ལོ་སྐྱེས་ཚེས་ཁ་གསལ་ཡོད་པའི་རང་གི་ལོ་རྒྱུས་དང་ཕྱེད་པར་གཉིས།
༢༽བོད་མིའི་དཔྱ་དངུལ་ལག་དེབ་ཀྱི་འདྲ་བཤུས།
༣༽རང་ཉིད་གང་དུ་སྡོད་སའི་ཁ་བྱང་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་བཅས་ཁ་གསལ་དགོས།
Mr.TashiSonam, Coordnator.
College For Higher Tibetan Studies.P.O Sarah Dharamsala-176215 Ditt Kangra (H.P)India
MB.No 0945 975 2420 /9816825805 ས་རཱ་བོད་ཀྱི་མཐོ་སློབ་ཡིག་ཚང་ནས་ ༢༠༡༣ ཕྱི་ཟླ་ ༢ ཚེས་ ༢༠ ཉིན། །
Top of Form