༧གོང་ས་མཆོག་ཧི་མཱ་ཅལ་དབུས་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར།

mg_5179༧གོང་ས་མཆོག་ལ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གྲྭའི་བསླབས་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་གཙོ་བོར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར། ཟླ་འདིའི་ཚེས་ ༢༨ ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་ཆིབས་སྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་གནང་ཡོད་པ་རེད།

གཙུག་ལག་སློབ་གྲྭ་(Central University OF Himachal Pardesh)དེ་བཞིན་བཞུགས་སྒར་དྷ་ས་ནས་སྐར་མ་ ༥༠ ཙམ་གྱི་སར་ཤཱ་པུར་ (Shapur) ཞེས་པའི་གྲོང་ཁྱེར་དུ་ཆགས་ཡོད་པ་དང། ཕྱི་ལོ་ ༢༠༡༠ ལོར་གཙུག་ལག་སློབ་གྲྭ་ཐོག་མ་གསར་འཛུགས་བྱས་པ་དང་། ཐེངས་འདིར་སློབ་གྲྭ་དེའི་སློབ་མ་གྲངས་ ༡༡༥ ཙམ་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བསྩལ་ཡོད་པ་རེད།

mg_5179

དེ་ཡང་མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཡོངས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་ དབྱངས་སུ་གྱེར། དེ་རྗེས་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་སྐུ་ཞབས་ཕུར་ཀན་ཁ་མར་ (Furqan Qamar) གྱིས་གཙུག་ལག་སློབ་གྲྭའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། དེ་རྗེས་གཙུག་ལག་སློབ་གྲྭས་༧གོང་ས་མཆོག་ལ་མཁས་དབང་གི་ཕྱག་ཁྱེར་(Honorary Degree) ཕུལ་ཡོད་པ་རེད། (Honorary Degree) འབུལ་ལམ་ཞུས་ཡོད།

དེ་ནས་༸གོང་ས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་སྐབས། སློབ་མ་རྣམས་ལ་དེང་དུས་ཤེས་ཡོན་ལམ་སྲོལ་དེ་བཞིན་གཙོ་བོ་ཕྱི་དངོས་པོ་དང་དཔལ་འབྱོར་ལ་དམིགས་པ་ཞིག་ཡིན་པར་བརྟེན། ལོ་ངོ་སྟོང་ནས་བརྒྱུད་པའི་རྒྱ་གར་སྲོལ་རྒྱུན་ནས་དར་བའི་ནང་བསམ་བློ་གོང་འཕེལ་གཏོང་རྒྱུའི་བསླབ་བྱ་དེ་དག་ཟུང་འབྲེལ་ཐོག་ནས་ལག་བསྟར་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།།

mg_5270