ཐའེ་ཝན་དུ་བོད་ལ་རང་དབང་དགོས་པའི་གསར་འགོད་བསྒྲགས་གཏམ་སྤེལ་འདུག

ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚཽགས་པས་གོ་སྒྲིག་འོག་འབར་བཞིན་པའི་བོད་དང་བོད་ལ་རང་དབང་དགོས་ཅེས་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༣ ཚེས་༧ཉིན་ཐའེ་ཝན་ལ་འབར་བཞིན་པའི་བོད་དང་བོད་ལ་རང་དབང་དགོས་ཅེས་པའི་གསར་འགོད་བསྒྲགས་གཏམ་ཅིག་སྤེལ་བ་དང་ལྷན།རང་དབང་དང་མང་གཙོ་ལོངས་སུ་སྤྱོད་བཞིན་པའི་ཐའེ་ཝན་མི་མང་ནས་རང་དབང་མེད་པའི་བོད་མི་ཚོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
སྐབས་དེ་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཡིག་ལྕམ་ཚེའེ་ལགས་ཀྱིས་ད་བར་བོད་ནང་ལ་རྒྱ་གཞུང་ཀྱི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་མཆོད་འབུལ་མཁན་མི་གྲངས་༡༡༠་བྱུང་ཡོད་པ་དང་། ཐའེ་ཝན་མི་མང་གིས་ངེས་པར་དུ་བོད་དོན་ཐོག་ལ་སེམས་ཁུར་བྱེད་དགོས།
མོས་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་གནད་དོན་ཞིག་རེད།མཚོན་ཆ་གཅིག་ཀྱང་མེད་པའི་སྐྱེ་བོ་ཞིག་གི་་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་དེ་རང་མི་རིགས་དང་རྒྱལ་ཁབ་ཆེད་དུ་མེར་བསྲེགས་ནས་སེམས་གཏིང་གི་་སྡུག་བསྔལ་དེ་ཕྱིར་བསྒྲགས་བྱེད་པའི་ཐབས་ལམ་དེ་ཅི་འདྲ་སེམས་སྐྱོ་བ་ཞིག་རེད།ངས་རེ་བ་ལ་ཐའེ་ཝན་མི་མང་གང་མང་གི་དེ་རིང་གི་བརྗོད་གཞི་འདིའི་ཐོག་ལ་སེམས་ཁུར་མང་ཙམ་བྱེད་རོགས་ཅེས་གསུང་པ་དང་།
མོས་མུ་མཐུད་ནས་གསུངས་དོན་རྒྱ་ནག་གིས་འཇིགས་སྐུལ་ལ་བརྟེན་ནས་ཐའེ་ཝན་གྱི་མི་མང་པོ་ཞིག་ཁ་གྲག་མི་ཕོད་པ་དང་རང་གིས་རང་ལ་ཞིབ་བཞེར་བྱེད་བཞིན་ཡོད་རྒྱུ་རེད།ཡིན་ནས་ང་རང་ཚོ་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་མཁན་ཚོ་ངེས་པ་དུ་རང་དབང་དང་མང་གཙོ་མེད་པའི་བོད་མི་ཚོའི་བདེན་པ་ལ་རྒྱབ་སྐྱོར་བྱེད་དགོས།
གཞན་ཡང་ལས་འགུལ་དེར་ཞུགས་མཁན་ཐའེ་ཝན་གྱི་སྲིད་བློན་གཞོན་པ་ཟུར་བ་ལྕམ་ཡེལ་ཇུ་
ལན་ལགས་ཀྱིས་བོད་ནང་ལ་རང་སྲེག་གནང་མཁན་ལ་བློ་འཚབ་ཆེན་པོ་ཡོད་།ཡིན་ན་ཡང་ཐའེ་ཝན་གྱིས་ཕྱོགས་ཡོངས་ནས་བོད་དོན་ཐོག་དོ་ཁུར་མེད་པའི་རྣམ་པ་དེ་ལ་སེམས་གཏིང་ནས་ཕམ་བྱུང་།
མོས་མུ་མཐུད་གསུངས་དོན་ང་ཚོའི་རེ་བ་ལ་བོད་རིགས་སྤུན་ཟླ་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་རོགས་།མ་འོངས་ཕུག་བསམ་ཅན་གྱི་སྐྱེ་བོ་མང་པོས་བོད་དོན་ཐོག་སེམས་ཁུར་བྱེད་པའི་རེ་བ་དང་།ད་དུང་་གནས་ཚུལ་དེ་ཚོ་རིགས་ཐའེ་ཝན་ནང་ལ་ཡང་ག་དུས་བྱུང་མིན་སུས་ཀྱང་རྟོགས་དཀའ་བ་ཞིག་རེད།
ད་དུང་ཐའེ་ཝན་ནང་ལ་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པའི་སློབ་སྟོན་པ་བཀྲ་ཤིས་ཚེ་རིང་དང་ཐའེ་ཝན་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གཉིས་ནས།  བོད་དོན་དང་འབྲེལ་བའི་གསུངས་བཤད་གནང་ཡོད་པ་རེད།
མཇུག་ཏུ་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐབས་༥༤་པའི་གསུམ་བཅུ་དུས་དྲན་ཉིན་གྱི་ལས་འགུལ་ནང་ཁྲོམ་སྐོར་བྱེད་པ་དང་སྨོན་ལམ་རྒྱག་རྒྱུ་བཅས་ཀྱི་ཐོག  ད་དུང་ད་བར་བོད་དོན་ཆེད་རང་ལུས་མེར་མཆོད་འབུལ་མཁན་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་བཅས་གོ་སྒྲིག་ཞུ་རྒྱུ་ཡིན