ཁེ་ནཱ་ཏྲི་ཀའི་གྲོང་ཁྱེར་ཧར་ཏྲི་ཧྥོར་དུ་གསུམ་དུས་སྲུང་བརྩི།

mmexport1362993806529འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༤ པ་དེ་ཁེ་ནཱ་ཏྲི་ཀིའི་གྲོང་ཁྱེར་ཧར་ཏྲི་ཧྥོར་(Hartford) ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་འདུ་འཛོམས་གྱིས་སྲུང་བརྩི་བྱས་ཏེ། མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།

ཁེ་ནཱ་ཏྲི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བཀྲ་ཤིས་ཉི་མས། “༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་༥༤ འགྲོ་ཡི་ཡོད་དང་། ད་ལྟའི་བར་བོད་ཀྱི་བསྟན་སྲིད་དང་མི་རིགས་རང་དབང་འཐབ་རྩོད་ཆེད་སྐུ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་སེམས་ཚོར་དྲག་པོས་རྗེས་དྲན་དང་མྱ་ངན་གུས་འདུན་ཞུ་རྒྱུ་ཡིན། དེ་བཞིན་ཁོང་ཚོའི་ཤུལ་ལུས་གཉེན་ཉེ་དང་། ད་ཆ་སྡུག་རྩུབ་ཅན་གྱི་རྒྱ་ནག་དམར་ཤོགས་གཞུང་གི་བཙོན་འོག་དུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གདུངས་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག ལས་འགུལ་སྤེལ་སའི་ས་གནས་སུ་མི་མང་འཛོམས་ཆེ་བ་དང་། ལྷག་པར་དུ་དེར་ལག་རྩེད་སྤོ་ལོ་རྩེད་ཐང་ཆེན་པོ་ཞིག་ཡོད་པ་རེད། དེར་རྩེད་འགྲན་པ་སྐད་གྲགས་ཅན་མང་པོ་ཡོང་གི་ཡོད་པས། ཁྲོམ་སྐོར་སྐབས་ཁྱབ་བསྒྲགས་ཡག་པོ་སོང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

བཀྲ་ཤིས་ཉི་མས་འགྲེལ་བརྗོད་གནང་བ་ལྟར་ན། ཁེ་ནཱ་ཏྲི་ཀིའི་གྲོང་ཁྱེར་ཧར་ཏྲི་ཧྥོར་(Hartford) ནང་བོད་བོད་རྒྱབ་སྐྱོར་བ་ཤུགས་ཆེ་རུ་གཏོང་ཐབས་སུ་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་པ་དང་། ས་གནས་ཀྱི་གཞོན་སྐྱེས་ཚོར་གཟའ་ཉི་མ་དང་སྤེན་པ་ལ་དུས་རྒྱུན་བོད་ཡིག་འཛིན་གྲྭ་འཚོག་གི་ཡོད་པ་དང་། དམིགས་བསལ་ས་གནས་དེར་སྐྱེས་པའི་ཕྲུ་གུའི་ཚོའི་ནང་དུ་བོད་སྐད་ཡག་པོ་ཤེས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

mmexport1362991758857

mmexport1362992178889

mmexport1362993806529