གསུམ་དུས་ཉིན་བྷེལ་རྗམ་གྱི་རྒྱལ་སར་བོད་དོན་ལས་འགུལ།
ཕྱི་ཟླ་བ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག་བྷེལ་རྗམ་གྱི་རྒྱལ་ས་སྦར་སིལ་དུ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༤ པའི་དུས་དྲན་སྲུང་བརྩིའི་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་བློན་བདེ་སྐྱིད་ཆོས་དབྱངས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཐའོ་མཱ་སི༌༌མན་སོགས་ཕེབས་ཡོད་པ་རེད།
དེ་ཡང་ཡུ་རོབ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་༢༠ ཙམ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཐུན་མོང་གི་གོ་སྒྲིག་འོག མཛད་སྒོའི་སྐུ་མགྲོན་གཙོ་བོ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ Mr Thomas Mannདང་། ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་སྡེ་ཚན་གྱི་ཚོགས་མི་སྐུ་ཞབས་ Mr Henri Malosse སྦར་སིལ་ ས་གནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་དྲིལ་བསྒྲགས་གནང་མཁན་ Mr Vincent Metten བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས ཡུ་རོབ་ཁུལ་གྱི་དམིགས་སལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན། བཀའ་ཟུར་ཀིར་ཏི་རིན་པོ་ཆེ། ས་གནས་སྐུ་ཚབ་དོན་གཅོད་དང་། དེ་བཞིན་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། རྒྱ་མི་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག གཞན་ཡང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ལྔ་སྟོང་ལྷག་ཙམ་བཅས། ལྷན་འཛོམས་ཐོག་ཞི་བའི་གོམ་བགྲོད་དང་སྐད་འབོད། དེ་ནས་སྐུ་མགྲོན་རྣམས་ཀྱིས་མཛད་སྒོའི་གསུང་བཤད་དང་། གཞས་པ་གྲགས་ཅན་ཁག་ཅིག་ནས་བོད་དོན་དང་འབྲེལ་བའི་གཞས་བཏང་བ་སོགས་ལས་འགུལ་སྤེལ་ཡོད་པ་རེད།
ཉི་མ་རྒྱལ་མཚན་གྱིས་གནས་ཚུལ་མཁོ་གཏོང་གནང་།