ཐ་མག་དང་མྱོང་རྫས་བཀག་འགོག་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན།

khambagarཕྱི་ཟླ་༣ པའི་ཚེས་༡༡ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་བཀྲ་ཤིས་ལྗོངས་ཁམས་པ་སྒར་གཞིས་ཆགས་ནས། ཐ་མག་དང་མྱོས་རྫས་རིགས་བཀག་འགོག་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང། སྐབས་དེར་ས་གནས་རྫོང་གི་དཔོན་རིགས་ཁག་ཅིག་ཀྱང་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།

ཕྱི་ལོ་༢༠༡༡ ཟླ་༨ ཚེས་༡༥ ཉིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་རེམ་ ཀུ་མར་ དྷུ་མལ་གྱིས་ཐ་མག་དང་མྱོས་རྫས་བཀག་འགོག་གི་གཞིས་སྒར་ཐོག་མ་ཡིན་པའི་གཟེངས་རྟགས་ཤིག་བོད་གཞིས་བཀྲ་ཤིས་ལྗོངས་ལ་གནང་ཡོད་པ་དང་། khambagar1དེ་རིང་དེའི་ལས་གཞི་དེ་མཇུག་སྐྱོང་གི་དམ་བཅའི་ཉིན་མོ་བརྩི་སྲུང་བྱས་ཡོད་པ་རེད། དེ་རིང་གི་མཛད་སྒོ་དེའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཀང་ར་རྫོང་གི་རྫོང་དཔོན་དང། ཀང་ར་རྫོང་གི་དྲུང་ཆེས་གཙོས་གནད་ཡོད་མི་སྣ་གང་མང་ཞིག་ཕེབས་ཡོད་པ་དང། གཞིས་ཆགས་དེའི་སེར་སྐྱ་མི་མང་རྣམས་མཉམ་ཞུགས་བྱས་ཡོད་པ་རེད། བཀྲ་ཤིས་ལྗོངས་ཀྱི་ན་གཞོན་ཚོས་ལས་གཞི་མཇུག་སྐྱོང་ཡོང་བའི་དམ་བཅའ་ཡང་བཞག་འདུག ཨང་གྲངས་༡༡ འདི་འཛམ་གླིང་ཐོག་ཐ་མ་གཟུགས་དབྱིབས་མཚོན་བྱེད་དུ་བརྩི་སྲོལ་ཡོད་པ་ལྟར་དེ་རིང་ཕྱི་ཚེས་༡༡ ལ་མཛད་སྒོ་སྟབས་བདེ་དེ་བཀྲ་ཤིས་ལྗོངས་རང་དུ་འཚོགས་ཡོད་འདུག།