༄༅།། རང་བཙན་ནི་བོད་མི་ཚོའི་ཕུགས་ནོར་གསོན་པོ།

རང་བཙན་ནི་འུ་ཅག་གི་ཕུགས་བསམ་གཙང་མ་ཡིན།

ཕུགས་བསམ་འདིའི་ཆེད་དུ་བློས་བཏང་གིས་བྱ་འགུལ་ཆད་མྱོང་མེད།

གཉུག་ཤེས་ཀྱི་ངོ་ཁ་ན་ཀྲོང་ངེར་འགྱིང་བཞིན་པ་་དེ་རང་བཙན་གཙང་མ་དེ་ལོས་ཡིན།

ལོ་རྒྱུས་ཚད་ལྡན་ཡོད་པའི་རང་བཙན་དེ་ནམ་ཡང་འདོར་ཐུབ་མེད །

རང་བཙན་ནི་བོད་མི་ཚོའི་སེམས་ཁོང་གི་དྲོད་ཐིག་རྡོག་རྡོག་དེ་ཡིན།

 

འབྱུང་འགྱུར་ཡང་རང་བཙན་གྱི་ཆེད་དུ།

འགྱུར་མེད་ཀྱིས་ཕུགས་བསམ་རེ་རེ་སྙིང་ཁོང་ན་འབར་འོང་།

བོད་མི་ཚོའི་སེམས་ཁོང་ན་གྲ་སྒྲིག་གི་རུ་དཔུང་གྲངས་མེད་སྒུལ་བཞིན།

འོད་སྣང་གི་ཁྱིམ་གཞི་གསར་པ་ཞིག་ལ་རེ་སྒུག་གསོན་པོ་བྱས་ཡོད །

རང་བཙན་ནི་འུ་ཅག་གི་ཐོབ་ཐང་དང་ལས་གནས་གཙོ་བོ་ཞིག་ཡིན་པར་ཀུན་གྱིས་རྟོགས་བཞིན་ཡོད།

རང་བཙན་གྱི་གླུ་དབྱངས་གསར་པ་ཞིག་ལ་ཡིད་ཆེས་སྒུམ་བཞིན།

སྤོབས་སྟོབས་དཔག་མེད་ཀྱིས་གདོང་ཁ་ན་འགྱིང་བཞིན།

རང་བཙན་གཙང་མའི་རེ་སྒུག་ང་ཚོའི་འགྱུར་མེད་ཀྱིས་ཕུགས་ནོར་རེད །

འདས་ཟིན་པའི་དཔའ་བོ་དང་དཔའ་མོ་ཚོའི་ཞལ་ཆེམས་ལ་གཟིགས་དང་མཁྱེན་འོང་།  

ནམ་ཡང་རང་བཙན་གྱི་ལྟ་གྲུབ་བོད་མི་ཚོའི་ཞལ་ནས་རྡོལ་བཞིན་སེམས་ནས་སྒོམ་བཞིན་ཡོད།

 གཉའ་ཁྲི་དང་སྲོང་བཙན་སོགས་ཀྱི་མཐའ་མེད་ཀྱི་གཅེས་ནོར་འདི་ཁོ་ན་རེད །

འུ་ཅག་གི་ནམ་ཡང་འདོར་མི་ཐུབ་པའི་དྲན་སྙིང་གསོན་པོ་དེ །

རང་བཙན་གཙང་མའི་ཕུགས་བསམ་འདི་རེད།

 རང་བཙན་ནི་རྩམ་ཟན་དེ་ཚོའི་འོད་སྣང་གི་རེ་བ་ཟབ་ཤོས་དང་དུངས་བ་འཐུག་ཤོས་ཡིན །

རང་བཙན་གྱིས་ཆེད་དུ་ནུས་ཤུགས་ཆིག་སྒྲིལ་སྤུངས་པ་ང་ཚོའི་དཔུང་རྟགས་འདོ་ཁོ་ནས་བྱེད་ཆོག །

རང་བཙན་ནི་རྩམ་ཟན་ཚོའི་སྙིང་ཁྲག་དྭངས་མོའི་བཞུར་དབྱངས་ཡིན།

དེས་ཆེད་དུ་ཧུར་བརྩོན་གྱིས་སེམས་ཤུགས་ནམ་ཡང་ཆགས་མི་སྲིད། 

ནོར་གླིང་དང་གྲོག་ཆུ་སོགས་ཀྱིས་གཏམ་རྒྱུད་སྙན་མོ་ཞིག་ཧི་མ་ལའི་རི་རྒྱུད་ནས་ཐོས་ཉིན་ཡོད།

དཔའ་བོ་དང་དཔའ་མོ་ཚོའི་ཞལ་ཆེམས།

ནམ་ཡང་སྣང་མེད་དུ་འདོར་ག་ལ་སྲིད།

གསེར་མདོག་གི་གཞིས་ཁྱིམ་སླར་གསོས་ཆེད་དུ་འོད་སྣང་གསལ་བའི་ཉི་གྲོང་ལ་བྱིན་དགོས། 

ཕུ་ནུ་མིང་སྲིང་ཚོ་སེམས་ཤུགས་བརྩེགས་མའི་སྒོ་ཁར་བྱིན་རོགས།

རང་བཙན་ནི་སེམས་ཤུགས་དང་སྤོབས་སྟོབས་ལ་རག་ལས་ཡོད། 

རང་བཙན་རང་བཙན་རང་བཙན་་་་་་་་་་་་་་་་་་་་་

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་འབྲོང་སྲས་སུ་འབོད་པས་སུག་བྲིས་བགྱིས་སོ།།  ༢༠༡༣   ༣་  ༣༠