དཔེ་རྒྱུན་དཀོན་པའི་ཕྱག་དཔེ་བསླུ་ཡོན་གསལ་བསྒྲགས།
རྒྱལ་བའི་ཐུགས་དགོངས་བཞིན། རྒྱལ་བསྟན་སྤྱི་དང་བྱེ་བྲག་མ་ཉམས་རྒྱུན་འཛིན་དང་ཡུན་གནས་སླད་དུ། འདི་ག་དིང་རི་གླང་སྐོར་གཙུག་ལག་ཁང་ནས། འཛམ་གླིང་ནང་པའི་དཔེ་མཛོད་ཁང་གང་དུའང་བཞུགས་པ་ཐོས་ཚོར་མེད་པ། བོད་ཡུལ་ལ་སྟོད་དིང་རི་གླང་སྐོར་ཕ་དམ་པ་སངས་རྒྱས་ཀྱི་གདན་ས་ན་བཞུགས་པའི་ཞི་བྱེད་བརྒྱུད་པ་མཐའ་མའི་ཆོས་སྡེའི་བཀའ་དང་བསྟན་བཅོས་ཡོངས་ཀྱི་ཕྱི་མོ། དུས་རབས་བཅུ་གསུམ་པའི་ནང་དུ་བྲིས་པའི་ཡིག་རྙིང་གླེགས་བམ་པང་ཐེག་མ་པོད་ཆེན་བཞི་རུ་བཞུགས་པ་དེ་དག་གཙོ་བོར་བྱས་ཏེ། གངས་ལྗོངས་སྒྲུབ་རྒྱུད་ཤིང་རྟ་ཆེན་མོ་བརྒྱད་དུ་གྲགས་པའི་ནང་ཚན། སློབ་དཔོན་ཀ་མ་ལ་ཤཱི་ལའམ་ཕ་དམ་པ་སངས་རྒྱས་ཀྱི། དམ་ཆོས་སྡུག་བསྔལ་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་རྩ་བའི་ཆོས་སྡེ་དང་། སྔོན་བྱོན་གོང་མ་རྣམས་ཀྱི་གསུང་ཞི་བྱེད་དང་འབྲེལ་བའི་ཡིག་རྙིང་རྙེད་པར་དཀའ་བ་མང་དག་ཅིག་གཙོ་བོར་བལ་བོད་གཉིས་ནས་མཁོ་སྒྲུབ་ཞུས་པ་དག་དང་།
ཞི་བྱེད་ཀྱི་ཡན་ལག་མ་གཅིག་ལབ་ཀྱི་སྒྲོན་མེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཅོད་གཞུང་རྩ་བ་ཡན་ལག་དང་བཅས་པའི་གླེགས་བམ་དབུ་ལྷ་ཚོན་ཁྲ་ཅན་རྣམས་ཀྱི་ཐོག མ་འོངས་གདུལ་བྱར་དམིགས་ནས་དཀར་ཆག་གི་མཚན་བྱང་ཐམས་ཅད་མཛེས་རྩལ་ཡིག་རིས་ཝརྟུ་ལའི་སུམ་འབེབས་ཀྱིས་བརྒྱན་ཅིང་། ལེགས་སྦྱར་དང་ཨིན་ཇིའི་སྐད་དུ་བསྒྱུར་པ་བཅས་ཚད་ལྡན་པོད་ཆེན་བཅུ་ཕྲག་གཅིག་དང་ཉག་མ་གསུམ་དུ་ལོངས་པ་དག ཐོག་མའི་སེམས་བསྐྱེད་ལྟར། འཛམ་གླིང་ནང་བསྟན་རིས་སུ་མ་ཆད་པའི་གཙུག་ལག་ཁང་དང་དགོན་སྡེ། དཔེ་མཛོད་ཁང་། སྤྱི་སྒེར་དོན་གཉེར་ཅན་ལ་བསླུ་ཡོན་མ་གནས་༼ཧིན་སྒོར་༥༠༠༠། INR.5000 ༽ཐོག་འགྲེམས་སྤེལ་བྱ་གཏན་འཁེལ་པ་ན། ཐུགས་མཁོ་མཆིས་རིགས་དང་ལྷག་པར་དུ་རྒྱ་གར་དང་འབྲུག་ཡུལ་དུ་གནས་་བཞུགས་རྣམས་ནས་ ཨིན་ཟླ་བཞི་པའི་ཟླ་མཇུག་མ་འགྱངས་པར། (LATEST BY END OF APRIL, 2013)ཡིག་ཐོག་ཞུ་སྙན་དང་། བླུ་ཡོན་བཅས་གཤམ་གསལ་དངུལ་ཁང་གི་ཨང་གྲངས་ཐོག་གཏོང་གནང་ཡོང་རྒྱུར། ཟུར་གསལ་གློག་འཕྲིན་དང་ལག་ཐོག་ཁ་དཔར་བརྒྱུད་འབྲེལ་ལམ་ཡོང་བའི་གསལ་བསྒྲགས་སུ། དིང་རི་གླང་སྐོར་གཙུག་ལག་ཁང་ནས། ༢༠༡༣ ཟླ་༣ ཚེས་༣༠ ཉིན།
བླ་མ་སངས་རྒྱས།
India: +91-8826845266 / 9882145471
Nepal: +977-9803740824 / 9841367574
Email: lamasangye5@gmail.com/dhamsang_zurla@yahoo.com
Bank Details:
LOBSANG MOLAM and SECHUNG
A/c No. 31599367375
SBI Mcleod Gunj (Dharamsala)