བོད་རིགས་སློབ་མ་ཚོས་༣.༡༤ རྗེས་དྲན་གྱི་ལས་འགུལ།

2013_4_5_2

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་ཆེན་པ་ཚོས། ༢༠༠༨ ཟླ་༣ ཚེས་༡༤ཉིན་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་པར་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་པ་དང་། ད་ལྟ་རྒྱ་གཞུང་གིས་སློབ་མ་ཚོ་དུས་ཚོད་ངེས་མེད་ལ་བོས་ཏེ་འདྲི་རྩད་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད།

དེ་ཡང་ལོ་འདིའི་ཕྱི་ཟླ་༣ ཚེས་༡༤ ཉིན་རྒྱ་ནག་ལན་ཀྲོའུ་རུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་ཆེན་པ་ཚོས། ༢༠༠༨ ཟླ་༣ ཚེས་༡༤ ཉིན་བོད་མིའི་ཞི་རྒོལ་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པར་མྱ་ངན་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་ཏེ། སྐབས་དེར་བོད་རིགས་སློབ་ཆེན་པ་བཅུ་ཕྲག་ཁ་ཤས་ཤིག་རང་འགུལ་གྱིས་འཛིན་ཁང་དུ་འཛོམས་ནས་ནག་པང་ལ་༣༡༤ དུས་དྲན།    ན་གཞོན་གླེང་སྟེགས་ཞེས་བྲིས་ཡོད་འདུག་པ་དང་། དེ་བཞིན་འཛིན་ཁང་གང་སར་སྒྲོན་མེ་སྦར་ནས་མྱ་ངན་བྱས་ཡོད་པ་རེད།

2013_4_5_2ལས་འགུལ་ཐོག་༣༡༤ དང་འབྲེལ་བའི་བསམ་ཚུལ་གླེང་མོལ་བྱས་ནས་བདེ་འཇགས་ངང་གྲོལ་ཐུབ་ཡོད་འདུག་ཀྱང་། རྗེས་སུ་སློབ་གྲྭའི་གོང་རིམ་དང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་ནས། སློབ་མ་ཚོ་རེ་རེ་བཞིན་འདྲི་རྩད་ནན་མོ་བྱེད་ཞོར་སྣེ་ཁྲིད་མི་སྣ་སུ་ཡིན་པ་རྩད་གཅོད་བྱེད་བཞིན་པ་དང་། སློབ་མ་ཁག་གཅིག་ཉེན་རྟོག་ཚན་པས་དུས་ཚོད་ངེས་མེད་ལ་འབོད་འགུག་བྱེད་བཞིན་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

སློབ་གྲྭའི་འབྲེལ་ཡོད་ཚན་པས་ལས་འགུལ་སྣེ་ཁྲིད་པ་དང་སྐབས་དེར་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚང་མས་འབྲེལ་ཡོད་ཚན་པར་ངོས་ལེན་དག་སེལ་མ་བྱས་ཚེ།    སློབ་མ་སྒེར་གྱི་མདུན་ལམ་ལ་གནོད་པའི་ཉེན་ཁ་ཡོད་པ་མ་ཟད། འཛིན་བཟུང་ཡང་བྱེད་ཉེན་ཆེ་བའི་ཉེན་བརྡ་བཏང་ཡོད་འདུག་ལ། དེ་བཞིན་མ་འོངས་བར་གོང་རིམ་འབྲེལ་ཡོད་ལ་སྙན་སེང་མ་ཞུས་བར་གང་བྱུང་འདུ་འཛོམས་རིགས་སྤེལ་མི་ཆོག་སྐོར་ཡང་བརྗོད་ཡོད་པ་རེད་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

This will close in 0 seconds