གྲོང་ཁྱེར་མོམ་བྷེར་ཁང་པ་རྡིབ་པའི་དོན་རྐྱེན།
རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་mumbai རུ་ད་ལྟ་བཟོ་སྐྲུན་བྱེད་བཞིན་པའི་ཐོག་བརྩེགས་བདུན་ཅན་གྱི་ཁང་པ་ཞིག་རྡིབ་སྟེ། མ་མཐའ་ཡང་མི་༣༠ ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་བཞིན་མི་གྲངས་༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་mumbai ཉེ་འཁོར་དུ་ད་ལྟ་བཟོ་སྐྲུན་བྱེད་བཞིན་པའི་ཐོག་བརྩེགས་བདུན་ཅན་གྱི་ཁང་པ་ཞིག་རྡིབ་སྟེ། མ་མཐའ་ཡང་མི་༣༠ ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་འདུག་པ་དང་དེ་བཞིན་མི་གྲངས་༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག ཐེངས་འདའི་གོད་ཆག་ཐད་འབྲེལ་ཡོད་དཔོན་རིགས་ཤིག་གིས་བརྗོད་པ་ལྟར་ན། འཐོར་ཞིག་ཏུ་ཐེབས་པའི་ཐོག་བརྩེགས་ཅན་གྱི་ཁང་པ་དེ་འབྲེལ་ཡོད་གཞུང་གི་ཆོག་མཆན་མེད་པའི་བཟོ་བཀོད་ཅིག་ཡིན་པ་རེད།
འཐོར་ཞིག་གི་དོན་རྐྱེན་དེ་རེས་གཟའ་ཕུར་བུའི་ཉིན་གྱི་དགོང་མོར་བྱུང་ཡོད་པ་དང་།ཐོག་བརྩེགས་བདུན་ཅན་གྱི་ཁང་པ་དེ་མོམ་བྷེ་mumbai ཉེ་འཁོར་གྱི་ཐྰ་ན་ཞེས་པའི་སར་ཡོད་པ་ཞིག་རེད་འདུག་ལ། རྐྱེན་འདས་སུ་སོང་བ་མང་ཆེ་ཤོས་ཁང་པའི་བཟོ་བསྐྲུན་ལས་མི་དང་།ད་དུང་བཟོ་བསྐྲུན་ཚར་མེད་པའི་ཁང་པར་གནས་སྡོད་ཀྱི་ལས་མིའི་ཁྱིམ་མི་རྣམས་ཡིན་པ་རེད། རྐྱེན་ལམ་དུ་སོང་བའི་ནང་དུ་མ་མཐའ་ཡང་ཕྲུ་གུ་དགུ་ཙམ་ཡོད་འདུག