འབར་མའི་ནང་པ་དང་ཁ་ཆེའི་བར་འཁྲུག་འཛིང་།

2013_4_8_1

ཟླ་འདིའི་ཕྱི་ཚེས་༥ ཉིན་ཨིན་རྡུ་ཎེ་ཞི་ཡས་བཀག་ཉར་བྱས་པའི་འབར་མའི་ཁྲིམས་འགལ་གྱི་ཉ་བ་༡༡ དང་བྷང་ག་ལཱ་ནས་སྐྱབས་བཅོལ་དུ་ཡོང་བའི་ཁ་ཆེ་༡༠༠ ལྷག་གི་བར་འཁྲུག་རྩོད་བྱུང་ནས་ནང་པ་༨ ལ་སྲོག་སྐྱོན་དང་ཁ་ཆེ་༡༥ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

དེ་ཡང་བརྒྱུད་ལམ་ཁག་དུ་འགྲེལ་བརྗོད་བྱས་པར་གཞིགས་ན། འདི་ལོའི་ཟླ་སྔོན་མའི་ནང་འབར་མའི་མཱི་ཐེ་ལ་ཞེས་པའི་དབུས་རྒྱུད་ས་ཁུལ་དུ་ནང་པ་དང་ཁ་ཆེའི་བར་ཟིང་འཁྲུག་བྱུང་ཏེ་མི་༤༠ ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་རེད།

ཟིང་འཁྲུག་དེ་འདི་ལོའི་ཕྱི་ཟླ་༣ པའི་ཚེས་༢༠ ཉིན་བྱུང་ཡོད་པ་དང་། ནང་པའི་གྲྭ་པ་གཉིས་ཀྱིས་ཁ་ཆེའི་ཚོང་ཁང་དུ་ཅ་ལག་ཉོས་སྐབས་རིན་གོང་ཐོག་རྙོག་གླེང་བྱུང་ཏེ་ཆོས་ལུགས་གཉིས་བར་བསྐྱར་ཏུ་ཁྲག་དྲི་དྲོ་བའི་ཟིང་འཁྲུག་གི་དོན་རྐྱེན་འདི་བྱུང་བ་ཞིག་ཡིན་པ་དང་། ཉེས་རྡུང་ཚབས་ཆེན་ཕོག་པའི་གྲྭ་བ་ཞིག་སྨན་ཁང་དུ་ཁ་ཆེས་བསད་པ་ལ་བརྟེན་ནས་ནང་པ་མཉམ་རུབ་ཀྱིས་ཁ་ཆེའི་བར་འཁྲུག་འཛིང་གི་དོན་རྐྱེན་བྱུང་བ་ཞིག་ཡིན་འདུག

2013_4_8_1ད་ལྟའི་ཆར་ཟིང་འཁྲུག་གི་དོན་རྐྱེན་འདི་གསལ་པོ་ཞིག་ཤེས་བཞིན་མེད་ཀྱང་ཁ་ཆེ་དང་ནང་པའི་བར་གྱི་འཁོན་འཛིན་དེ་ཧ་ཅང་མངོན་གསལ་དོད་པོ་ཡིན་པ་མ་ཟད། འབར་མའི་ནང་འདས་པའི་ཉིན་ཤས་རིང་ཟིང་འཁྲུག་གི་དོན་རྐྱེན་བྱུང་ཡོད་པ་དང་ད་ལྟའི་ཆར་ཛ་དྲག་ཏུ་འགྲོ་བཞིན་ཡོད་ན་ཡང་གཞུང་གིས་སྟངས་འཛིན་ནན་མོའི་འོག་རེ་ཞིག་གནས་ཚུལ་དེ་ཞི་འཇམ་དུ་བཏང་ཡོད་པ་རེད།