ཁམས་རྫ་ཆུ་ཁའི་གྲྭ་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ།
ཕྱི་ཟླ་༤ ཚེས་༨ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༣:༣༠ཙམ་ལ་བོད་མདོ་ཁམས་རྫ་ཆུ་ཁའི་སེར་ཤུལ་རྫོང་ཐོག་ཏུ་མང་དགེ་དགོན་པའི་དགེ་འདུན་པ་ཐུབ་དགེ་ཡིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། ཁོང་འཇུ་བཟུང་བྱས་ཡོད་འདུག
བོད་ནས་ཐད་ཀར་འགྲེལ་བརྗོད་གནང་དོན་ལ། ད་ལན་དགེ་འདུན་པ་ཐུབ་དགེ་ཡིས་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མང་དགེ་དགོན་པའི་དགེ་འདུན་པ་གསུམ་གྱིས་སྐད་འབོད་ལས་ཤུགས་ཆེ་ཙམ་རྒྱབ་ཡོད་འདུག ཡིན་ནའང་༧རྒྱལ་བ་རིན་པོ་བོད་དུ་ཕེབས་འཇུག་དགོས་ཞེས་སྐད་འབོད་རྒྱག་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པས་འཇུ་བཟུང་བྱས་པར་བརྟེན། གཞན་སྐད་འབོད་གང་དང་གང་རྒྱབ་ཡོད་མེད་གསལ་རྟོགས་བྱུང་མི་འདུག
དགེ་འདུན་པ་ཐུབ་དགེ་ནི་མང་དགེ་སྡེ་པའི་ཕ་མི་འགྱུར་གྱི་བུ་ཡིན་འདུག་པ་དང་། ད་ལྟ་མང་དགེ་དགོན་པའི་གྲྭ་པ་ཡིན་འདུག་ལ། ལོ་ཉི་ཤུ་ཡས་མས་ཡིན་ས་རེད་བསམ་པ་ཞིག་ཏུ་གནས་ཚུལ་མཁོ་སྤྲོད་པས་མཐོང་འདུག
གནས་ཚུལ་མཁོ་གཏོང་བ་འཇིགས་བྲལ་བསྟན་འཛིན་ནས།