འབྲས་སྒོ་མང་སློབ་གྲྭའི་གསརལ་བསྒྲགས།

༄༅།། རང་རིགས་ཀྱི་རིག་གཞུང་ལ་དུང་ཞེན་མཚོ་ལས་ཟབ་པའི་གཞོན་སྐྱེས་དོན་གཉེར་ཅན་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།

འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་ནང་པའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་ཐུན་མོང་ནས་ལོ་ལྟར་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ནས་ནང་ཆོས་དང་། རིགས་ལམ། བོད་ཀྱི་བརྡ་སྤྲོད། རྒྱལ་རབས་ཆོས་འབྱུང།

ཡིག་གཟུགས་བཅས་བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་གོ་སྒྲིག་ཞུ་བཞིན་པ་ལྟར་འདི་ལོ་ཡང་། ཕྱི་ཟླ་༥ ཚེས་༡༥ ནས་ཕྱི་ཟླ་༦ ནས་༡༥ བར་ཟླ་གཅིག་རིང་ཚུགས་གཏན་ཁེལ་བ་ལགས་ན། གོང་གསལ་འཛིན་གྲྭ་ཁག་ཏུ་ཞུགས་བློ་ཡོད་རིགས་རྣམས་ཀྱིས་ཕྱི་ཟླ་༥  ཚེས་༡༣ སྔོན་ཚུད་སློབ་གྲྭའི་ཡིག་ཚང་ལ་འབྲེལ་ལམ་ཐོག་ཐོ་འགོད་གནང་སྐྱོང་ཡོང་བའི་གསལ་བསྒྲགས་སུ།

འབྲས་སྒོ་མང་སློབ་གྲྭའི་ཡིག་ཚང་ནས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡༨ ལ།

གློག་འཕྲིན།  thangshi_ge@yahoo.co.in