དཔྱིད་ཀྱི་ལྗང་ལོ།།

ལྗོན་ཤིང་ལོ་མ་གསར་སྐྱེ་ལྗང་ཁུ་དེ །།

སྒེག་མོའི་སོར་མོ་འདྲ་བའི་འཇམ་ལྡན་པ །།

བསིལ་བསིལ་རླུང་གི་དལ་གྱིས་སྐྱོད་པ་ན །།

སྙིང་སྡུག་དགའ་མའི་ཕྱག་ཟུང་ཡིད་ལ་དྲན །།