གྲྭ་གསུང་རབ་རྒྱ་མཚོར་ལོ་གཉིས་ཀྱི་ཁྲིམས་ཆད།

songrab_tsou_1བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུ་གིས་བོད་མདོ་སྨད་འཁྱམས་རུ་དགོན་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་ལ་ལོ་ ༢ ཀྱི་ཁྲིམས་ཐག་བཅད་དེ་ས་ཕག་བཟོ་གྲྭ་ཞིག་ཏུ་ངལ་རྩོལ་བྱེད་འཇུག་གི་ཡོད་པའི་གནས་ཚུལ་ཕྱི་ཟླ་༥ པའི་ནང་ཤེས་རྟོགས་བྱུང་འདུག

༢༠༡༢ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ཉིན་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་དང་པར་རིས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག  ཁུལ་དེའི་གསེར་ཆེན་(གུང་ཧོ་)རྫོང་ཨིར་རྟི་ཞང་འཁྱམས་རུ་དགོན་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་དང་། གྲགས་བཟང་། ཡེ་ཤེས་བཟང་བོ་གསུམ་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་ཁོངས་ནས་གྲྭ་ཡེ་ཤེས་བཟང་བོ་དང་། གྲགས་བཟང་གཉིས་ཉིན་ཤས་རྗེས་གློད་གྲོལ་བཏང་ཡོད་ཀྱང་། གྲྭ་གསུང་རབ་རྒྱ་མཚོ་མུ་མཐུད་བཙོན་འཇུག་འདྲི་རྩད་བྱས་ཏེ་བོད་ལུགས་ལོ་གསར་སྐབས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སེར་ཆེན་རྫོང་(གུང་ཧོ་)མི་དམངས་ཁྲིམས་ཁང་གིས་གསང་བའི་ངང་ལོ་ ༢ ཀྱི་ཁྲིམས་ཐག་བཅད་ཡོད་འདུག

དུས་ཡུན་གང་འཚམ་རིང་ཁོང་གི་ནང་མི་གཉེན་འབྲེལ་ཚོས་ཁོང་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་། ཟླ་འདིའི་ཚེས་ཤར་ལ་གནས་ཚུལ་ཤེས་རྟོགས་བྱུང་བར། ཁོང་ནི་ད་ལྟ་ཟི་ལིང་གྲོང་ཁྱེར་དང་རྗེ་སྐུ་འབུམ་གཉིས་ཀྱི་ས་འབྲེལ་ས་ཕག་བཟོ་སའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་གིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་འདུག

གྲྭ་གསུང་རབ་རྒྱ་མཚོ་ནི་ད་ལྟ་རང་ལོ་ ༣༩ ཡིན་ཞིང་། ཁོའི་ཕ་མིང་ལ་འཕགས་མོ་ཚེ་རིང་དང་། མ་མིང་ལ་ཀུན་བཟང་སྐྱིད་ཟེར་ཞིང་། བུ་མོ་སྤུན་ ༣ དང་བུ་སྤུན་ ༡ བཅས་ཡོད་འདུག །

http://www.tibetexpress.net/bo/home/2010-02-04-05-37-19/9817-2012-12-10-02-57-50