ཕག་མོ་དོན་གྲུབ་ཀྱི་ཞལ་ཆེམས།
རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་འཕགས་མོ་དོན་གྲུབ་ཀྱི་ཞལ་ཆེམས་ནང་། ད་བར་བོད་ཀྱི་ས་ཆ་གང་སར་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་སྲེག་བཏང་སོང་བ་ནི།
བོད་མི་རིགས་ཀྱི་དཔའ་བོ་ངོ་མ་རེད་ལ། བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན། བོད་མི་རིགས་ཀྱི་རིག་གནས་དང་གོམས་སྲོལ་ལ་སོགས་པ་རྒྱ་མིས་རྩ་མེད་གཏོང་རྒྱུ་རེད། ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིགས་འདུས་སྡོད་ས་ཁུལ་ལ་བོད་ཡིག་སྦྱང་མི་ཆོག་ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག དགེ་རྒན་ཚང་མ་ཡང་བ་ཡན་རྫོང་ནས་ཕར་ཕྱིར་ཕུད་བཏང་སོང་། ད་ངོ་མ་སེམས་སྡུག་གིས་དེ་རིང་རྒྱ་ལོ་བཅོ་ལྔའི་དགོང་དྲོ་བྱ་ཁྱུང་དགོན་པའི་ཆོས་རའི་མདུན་དུ་ངས་མེར་སྲེག་གཏོང་རྒྱུ་ཡིན་ལ། དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་ཡིན་ཞེས་འཁོད་འདུག
འཕགས་མོ་དོན་གྲུབ་ཀྱིས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ མཚོ་སྔོན་མཚོ་ཤར་ས་ཁུལ་བ་ཡན་རྫོང་བྱ་ཁྱུང་དགོན་པའི་ཆོས་རའི་ནང་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་རེད། །
http://www.tibetexpress.net/bo/home/2010-02-04-05-37-19/10169-2013-02-25-04-07-09