བོད་ཡིག་ཟུར་སྦྱོང་འཛིན་གྲྭ།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་སློབ་གྲྭའི་ནང་པའི་རིག་གཞུང་ཚོགས་པ་དང་། སློབ་གྲྭ་ཐུན་མོང་གིས་ལོ་ལྟར་བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ཟུར་སྦྱོང་འཛིན་གྲྭ་ཞིག་ཟླ་གཅིག་རིང་འཚོག་གི་ཡོད་པ་བཞིན།

འདི་ལོ་ཡང་ཟླ་འདིའི་ཚེས་༡༥ ནས་ཟླ་གཅིག་རིང་འཚོགས་བཞིན་ཡོད་པ་དང་།  དེ་ཡང་མོན་གྷོ་ས་གནས་ཀྱི་སློབ་གྲྭ་ཁག་ནས་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་སློབ་མ་༢༤༠ མ་ཟིན་ཙམ་ཟུར་སྦྱོང་འཛིན་གྲྭ་དེའི་ནང་མཉམ་ཞུགས་བྱས་ཡོད་ལ། ཁོང་ཚོར་དགེ་རྒན་སྒོ་མང་སློབ་གྲྭའི་དུས་རྒྱུན་དགེ་རྒན་རྣམ་པ་དང་གཞན་ཡང་སྒོ་མང་གྲྭ་ཚང་གི་དགེ་གཤེས་ཁག་གཅིག་ཀྱང་ཕེབས་ཡོད་པ་རེད།    སློབ་མ་ཚོར་སློབ་ཚན་གཙོ་བོ་ནང་ཆོས་དང་། རིགས་ལམ།  བོད་ཀྱི་བརྡ་སྤྲོད། རྒྱལ་རབས་ཆོས་འབྱུང་། ཡིག་གཟུགས་སོགས་འཛིན་རིམ་གཞིར་བཟུང་གི་སློབ་ཁྲིད་བྱེད་བཞིན་ཡོད་འདུག།
མོན་གྷོ་གསར་འགོད་པས།
gomang1_2013_05_15