དྲན་གདུང་། ཚན་པ་གསུམ་པ།
བཟོད་དཀའ་བའི་ཚ་སྡུག་དང་།
གོམས་དཀའ་བའི་ཁོར་ཡུག
གནས་འདི་ནས།
ངས་ཁེར་རྐྱང་གི་སྐྱོ་སྣང་ཚོར་བྱུང་ལ།
གནས་འདི་ནས།
ངས་མཛའ་བཤེས་ཀྱི་དགོས་མཁོ་རྟོགས་བྱུང་།
གནས་འདི་ནས།
ངས་རྡ་ས་ཡི་དགེ་མཚན་ངེས་བྱུང་ལ།
གནས་འདི་ནས།
ངས་རང་དབང་གི་ཕན་འབྲས་ཤེས་བྱུང་།
གནས་འདི་ནས།
ངས་ཉིན་རེ་བཞིན་རྡ་ས་དྲན་བཞིན།
རྡ་ས་ནི་རང་ཉིད་ཕ་ས་གཉིས་ལྟར་དུ་ཚོར།
དེའི་ཕྱིར། ང་མགྱོགས་མྱུར་རྡ་སར་ལོག་ན་འདོད།
༢༠༡༣ ༥ ༡༨ རྡི་ལི་ནས་བྲིས།