ཆོས་བརྡ་གསལ་བསྒྲགས།

༄༅། །འདས་པའི་ལོ་ཤས་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རིང་མིན་ཕྱི་ཟླ་ ༧ པའི་ཕྱི་ཚེས་ ༡༢ ཉིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་ཧོན་སུར་གཞིས་ཁོངས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ཆིབས་བསྒྱུར་དང་འབྲེལ་ཕྱི་ཚེས་ ༡༣ དང་ ༡༤ གཉིས་ལ་རྗེའི་གསུང་བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་ཕྲེང་བ་ནས་”བཅོམ་ལྡན་འདས་དཔལ་དགྲ་ནག་བཅུ་གསུམ་མའི་བཀའ་དབང་བཀྲིན་ཆེ་རྒྱུ་དང་།

ཕྱི་ཚེས་ ༡༥ ཉིན་གྲྭ་ཚང་ནས་ཆིབས་ཞལ་བསྒྱུར་རྒྱུ་ཡིན་པ་རེད། དེ་ནི་གཙོ་བོ་མགོན་པོ་གང་གི་དགོངས་གཞིར་འཇིགས་བྱེད་བཅུ་གསུམ་མའི་དབང་ལུང་ཁྲིད་རྒྱུན་ཉམས་བཞེས་དར་ཆེ་བ་ལས། གཤེད་དམར་དང་དགྲ་ནག་བཅུ་གསུམ་མའི་དབང་ལུང་མན་ངག་གི་རྒྱུན་ཆེས་དཀོན་པས་བསྐྱར་གསོ་རྒྱུན་འཛིན་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་ལ། དེ་སྔོན་ ༢༠༠༦ ལོར་འདི་ག་གྲྭ་ཚང་དུ་ཕྱི་ནང་གི་དད་ལྡན་སྟོང་ཚོ་མང་པོར་གཤེད་དམར་བཅུ་གསུམ་མའི་བཀའ་དབང་བསྩལ་ཡོད་ཅིང་། ད་ལམ་གོང་གསལ་བཀའ་དབང་སྩོལ་འཆར་ཡང་དེ་ལྟར་ཡིན་པས་ཕྱོགས་མཐའི་ཕྱི་ནང་གི་དད་ལྡན་མང་ཚོགས་ནས་དེ་དོན་དགོངས་མངའ་ཡོང་བ་དང་། འདི་གར་འབྲེལ་བ་ཞུ་དགོས་རིགས་གཤམ་གྱི་མྱུར་འཕྲིན་དང་ཞལ་པར་སོགས་ཀྱི་བརྒྱུད་འབྲེལ་བ་གནང་སྐྱོང་ཡོད་པའི་བརྡ་ཁྱབ་ཏུ། རྫོང་ཆོས་གྲྭ་ཚང་གི་ཡིག་ཚང་ནས།

༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན།།

Dzongkar Choede Monastery
P.O Gurupura-571105 Dist Mysore, Hunsur Taluk, (K.S)

Email: zmonastery@yahoo.co.in