རྒྱལ་ཁབ་བདུན་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ།

rinbo_yak1རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་བ་རྔ་པ་རིན་པོས་འདི་ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་འགོ་འཛུགས་ཀྱིས་རྒྱལ་ཁབ་བདུན་གྱི་ནང་སྐོར་བསྐྱོད་ཟིན་ཡོད་པ་དང་། དེའི་རིང་སྤྱི་ལེ་༤༢༠༠ ཙམ་བསྐོར་ནས་ཕེབས་བཞིན་ཡོད་པ་རེད།

ཕྱི་ཟླ་༦ ཚེས་༢༢ ཉིན་འདི་ག་གསར་ཁང་ནས་སྐད་འཕྲིན་བརྒྱུད་ཁོང་ལ་གནས་འདྲི་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་སྦེལ་རྗམ་ནས་འགོ་འཛུགས་ཀྱིས་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་ཏེ། rinbo_yakཧྥ་རིན་སི་དང་། སི་ཕན། སིད་སི། ཨེ་ཁྲ་ལེ། ཨོ་སི་ཁྲི་རི་ཡ། ཅེཀ་སྤྱི་མཐུན་རྒྱལ་བཅས་རྒྱལ་ཁབ་བདུན་གྱི་རྒྱལ་ས་དང་གྲོང་ཁྱེར་ཁག་བརྒྱུད། ད་ལྟའི་བར་ཉིན་གྲངས་༡༠༢ འགོར་ཡོད་པ་དང་། དེའི་རིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་༨༠ ལྷག་ལ་ཆེད་བཅར་གྱིས་རྒྱ་ནག་གི་དབང་བསྒྱུར་འོག་ནས་བོད་ཀྱི་དཀའ་ངལ་སྤྱི་དང་། བོད་མིའི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཁག་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

ད་ལྟ་མུ་མཐུད་འཇར་མེན་སོགས་རྒྱལ་ཁབ་༦ ནང་གི་སྐོར་བསྐྱོད་བྱེད་འཆར་ཡོད་པ་དང་། རྒྱལ་ཁབ་ཁག་གི་ནང་གསར་འགྱུར་བརྒྱུད་ལམ་དང་། མི་མང་ཁྲོད་བོད་དོན་ཁྱབ་བསྒྲགས་ཡག་པོ་ཡོང་གི་ཡོད་སྐོར་ཁོང་གིས་འགྲེལ་བརྗོད་གནང་སོང་།།