ཆུའི་གནོད་སྐྱོན་འོག་མི་༡༠༠༠ ལྷག་གི་སྲོག་ཤོར་ཡོད་པ་རེད།

2013_6_24_2

ཉེ་ཆར་རྒྱ་གར་བྱང་ཕྱོགས་ཨོ་ཏཱར་ཁཱང་མངའ་སྡེའི་ནང་ཆུ་ལོག་གི་གནོད་འཚེ་འོག་མི་གྲངས་༡༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༡༠༠༠ ལྷག་བརླག་ཡོད་པ་དེ་དག་གིོ་ཆེད་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་དྷ་ས་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་དབུ་བཞུགས་ཐོག དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་ཁག་གི་གྲྭ་བཙུན་རྣམ་པ་དང་ས་གནས་མི་མང་། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་གྱི་སློབ་མ་རྣམ་པ་བཅས་ཁྱོན་༤༠༠ ཙམ་མཉམ་འཛོམས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་གར་བྱང་ཕྱོགས་ཨོ་ཏཱར་ཁཱང་མངའ་སྡེའི་ནང་ཆུ་ལོག་གི་གནོད་འཚེ་ཕོགས་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།

 

2013_6_24_2སྐབས་དེར་དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས་མང་ཚོགས་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཉེ་ཆར་རྒྱ་གར་བྱང་ཕྱོགས་ཨོ་ཏཱར་ཁཱང་མངའ་སྡེའི་ནང་ཆུ་ལོག་བརྒྱབ་ནས་ད་བར་མི་གྲངས་༡༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། མི་གྲངས་༡༠༠༠ ལྷག་བརླག་ནས་ད་དུང་ཤི་གསོན་ཆ་མ་འཚལ་བའི་གནས་སུ་ཡོད་སྐོར་དང་། དེ་བཞིན་རྒྱ་གར་མི་མང་བོད་མི་བཙན་བྱོལ་བར་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། ད་རེས་དྷ་སར་གནས་སྡོད་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུས་ནས་ཞལ་འདེབས་བསྡུ་སློང་གིས། ཞལ་འདེབས་གང་བྱུང་བ་དེ་ཚོ་རྡེ་ར་དུན་ས་གནས་འགོ་འཛིན་བརྒྱུད་གནོད་འཚེ་ཐེབས་ཡུལ་གྱི་ས་གནས་མི་མང་ལ་འབུལ་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

དེ་བཞིན་དྷ་ས་ས་འཐུས་རྒྱུན་ལས་ངག་དབང་ཐར་པས་བརྗོད་པ་ལྟར་ན། དྷ་ས་ས་གནས་འགོ་འཛིན་དང་། ས་གནས་གྲོས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱིས་འབྱུང་བའི་གནོད་འཚེ་ཕོགས་པ་དག་གི་ཆེད་རྒྱུན་དུ་དྷ་སར་སྨོན་ལམ་མཆོད་འབུལ་དང་། དེ་བཞིན་ཞལ་འདེབས་བསྡུ་སློང་བྱས་ཏེ་གནོད་ཐེབས་མི་མང་ལ་སྤྲོད་ཀྱི་ཡོད་པ་རེད་འདུག

ཉེ་ཆར་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་མང་པོ་ཞིག་ཏུ་ཆར་པ་ཤུགས་ཆེན་པོ་བབ་པར་བརྟེན་ཆུའི་ གནོད་སྐྱོན་འོག་མི་མིང་པོའི་སྲོག་ཤོར་ཡོད་པ་མ་ཟད། གྲོང་ཁྱེར་ཁག་གི་ནང་གློག་དང་ལམ་ཆད་པ་སོགས་ཀྱི་མི་མང་ལ་དཀའ་ངལ་ཤུགས་ཆེན་པོ་འཕྲད་ཡོད་པ་ལྟར། 2013_6_24_1རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡང་གྲོང་ཁྱེར་མང་པོ་ཞིག་ལ་ཆུས་གནོད་སྐྱོན་བྱུང་ཡོད་པ་དང་། དེ་བཞིན་བོད་མི་གནས་སྡོད་བྱེད་སའི་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་ངྷ་རམ་ས་བཅས་ཀྱི་བོད་མི་ཚོའི་སྡོད་ཁང་དང་མགྲོན་ཁང་སོགས་ལ་ཡང་ཆུ་སྐྱོན་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།