ཏིང་ཞའོ་ཕིང་གི་བུས་ཨ་སྒོར་དུང་ཕྱུར་ཆིག་སྟོང་ཁྱེར་ཏེ་བྲོས་འདུག

61kdfldsflརྒྱ་ནག་གཞུང་གི་གཞུང་འཛིན་དཔོན་རིགས་མཐོ་གྲས་ཤིག་གིས་འགྲེལ་བརྗོད་བྱས་པར་གཞིགས་ན། ཏིང་ཞའོ་ཕིང་གི་བུ་ཏིང་ཕུ་ཧྥང་གིས་ཨ་སྒོར་དུང་ཕྱུར་༡༠༠༠ ཁྱེར་ནས་རྒྱ་ནག་དང་ཁ་བྲལ་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

ཕྱི་ཟླ་༦ པའི་ཚེས་༢༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཏིང་ཞའོ་ཕིང་གི་བུ་ཏིང་ཕུ་ཧྥང་གིས་ཨ་སྒོར་དུང་ཕྱུར་༡༠༠༠ ཁྱེར་ཏེ་རྒྱ་ནག་ནས་བྲོས་ཡོད་འདུག་ཀྱང་། ད་ལྟའི་ཆར་ཕྱིའི་རྒྱལ་ཁབ་གང་ཞིག་ཏུ་བྲོས་ཡོད་མིན་ཁ་གསལ་ཤེས་རྟོགས་མེད་པ་རེད། དེ་དང་དུས་མཚུངས་སུ་ཏིང་ཞའོ་ཕིང་གི་བུ་མོ་དང་ཚ་མོ་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཅིང་། ད་ལྟའི་ཆར་པེ་ཅིང་སྲིད་གཞུང་གིས་གནས་ཚུལ་དེའི་སྐོར་རྩད་གཅོད་བྱེད་བཞིན་ཡོད་པ་རེད།

ཏིང་ཕུ་ཧྥང་ནི་ཕྱི་ལོ་༡༩༤༤ སྐྱེས་པ་དང་། ད་ལྟ་རྒྱ་ནག་གི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་དང་། རྒྱ་ནག་གི་དབང་པོ་སྐྱོན་ཅན་ཕན་བདེའི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་ཁུར་ཡོད་པ་རེད།།