མཚན་ལྡན་མ །
ཞལ་རས་དཀྱིལ་འཁོར་ཆ་རྫོགས་པར །།
ཁ་དོག་མཆོག་འཛིན་ཨུ་པཱ་ལི །།
སྨད་ཆེན་མཚེའུ་ལེགས་ལྡན་མ །།
སྐེད་མེད་མ་ཞིག་ལོས་ཡིན་སྙམ །།
ཆགས་པའི་ཚ་བས་རབ་མྱོས་ན །།
ཟླ་བའི་གཉེན་གྱི་འདབ་མ་ལས །།
འདོད་པའི་ཆུ་ཐིགས་དྭངས་མོ་ཡིས །།
རྩྭ་འགོའི་སྨུགས་ཟིལ་མགྲན་པ་མཚར །།