བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རི་མོའི་དེབ་ཅིག་དབུ་འབྱེད།

dalai_lama_soldier_of_peaceཕྱི་ཟླ་༨ ཚེས་༦ ཉིན་བོད་སྨྱུག་གི་གོ་སྒྲིག་འོག དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ལོ་མང་གནང་མཁན་རྒྱ་གར་གསར་འགོད་པ་གྲགས་ཅན་ཝི་ཇེ་ཀརནཌིས་བྲིས་པའི་རི་མོའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།

སྐབས་དེར་ཉིན་མོའི་སློབ་གྲྭའི་སློབ་ཕྲུག་ཚོར་ཁོང་གིས་དབྱིན་སྐད་ཐོག་དཔེ་དེབ་དེ་སྒྲོགས་སྦྱང་དང་འབྲེལ་ངོ་སྤྲོད་གནང་སོང་ལ། དེབ་དེའི་ནང་དོན་ཁག་ཁོང་གིས་བྲིས་པ་དང་། རི་མོ་བསོད་དོན་གྱིས་བྲིས་པ་ཞིག་ཡིན་པ་རེད།

<<Dalai Lama: Soldier of Peace>> ཞེས་པའི་རི་མོའི་དེབ་དེ་ནི་༧གོང་ས་མཆོག་དང་བོད་ཀྱི་ལོ་རྒྱུས་སྟབས་བདེའི་ངང་གོ་བ་ལེན་བདེ་བ་ཞིག་ཡིན་པ་དང། དེབ་དེ་ནི་ཁོང་གིས་བྲིས་པའི་རི་མོའི་དེབ་གཉིས་པ་ཡིན་པ་རེད།

དེབ་དང་པོ་དེ་ཕྱི་ལོ་༡༩༨༢ ལོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་དབུ་འབྱེད་དང་ངོ་སྤྲོད་རྗེས་ཁོང་གིས་སློབ་ཕྲུག་ཚོའི་དྲི་བ་ལ་ལན་འདེབས་ཡང་གནང་སོང་། ཁོང་གིས་དེབ་དེ་ནི་ལོ་ན་༨ ནས་༨༠ བར་མི་སུ་འདྲ་ཞིག་གིས་ཀློག་ན་༧གོང་ས་མཆོག་དང་བོད་ཀྱི་ལོ་རྒྱུས་ཧ་གོ་ཐུབ་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང་།།

dalai_lama_soldier_of_peacedalai_lama_soldier_of_peace1