སྲིད་སྐྱོང་ལ་འཚམས་འདྲི །
ཁ་བའི་ལྷ་སྐལ་སྤྱིན་རས་གཟིགས་དབང་ཁྱེད །།
བོད་མི་ཉམ་ཐག་གནས་སུ་ལྷུང་བའི་ཚེ །།
ཁྱེད་ལས་སུ་ཞིག་མེད་པའི་འགྲོ་བའི་མགོན །།
ཕྱག་ན་པདྨའི་ཞབས་ལ་གུས་ཕྱག་འཚལ །།
བཙན་བྱོལ་གཞུང་དམངས་གཅོང་རོང་ལྷུང་ལ་ཉེ །།
རིག་རྒོད་བུ་བཟང་ཁྱེད་ཀྱིས་འཇིག་ལས་སྐྱབས །།
བཀལ་བློན་བརྒྱ་སྟོང་ནང་གི་ཁྱུ་མཆོག་ཁྱེད །།
ཟམ་གདོང་བླ་མའི་ཐུགས་ལ་སྙིང་ནས་དད །།
གངས་ལྗོངས་ཁ་བའི་ཡུལ་གྱི་ཟུང་ཁྲག་ཅིག །
རྒྱ་གར་ཚ་བའི་ཡུལ་ནས་མེ་ཏོག་བཞད །།
དམངས་གཙོ་ཡང་དག་སྲིད་སྐྱོང་དང་པོ་ཁྱེད །།
འཛིན་སྐྱོང་ལོ་གཉིས་འཁོར་བའི་འཚམས་འདྲི་ཞུ །།
བོད་རྒྱལ་ལོ །གངས་ལྗོངས་ཁ་བའི་ཡུལ་གྱི་འགྲོ་བ་རྣམས། མྱུར་ནས་མྱུར་དུ་རང་དབང་ཐོབ་པར་ཤོག །
༢༠༡༣ ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གུས་པ་ཡེ་ཤེས་འཕྲིན་ལས་ནས།