ཤག་རོང་པོ་དགོན་པ་ད་དུང་སྒོ་ཕྱེ་མེད་པ་རེད།

f6a4e585-70d6-4d0e-a3a6-adb46defccd8ནག་ཆུ་ཤག་རོང་པོ་དགོན་པ་སྒོ་བརྒྱབ་པའི་དོན་རྐྱེན་ལ་བརྟེན་ནས། ད་དུང་དགོན་པར་དགེ་འདུན་པ་སྡོད་ཐུབ་ཀྱི་མེད་པ་དང་། དགེ་འདུན་པས་རེ་འདུན་བཏོན་པ་ཁག་ལ་རྒྱ་ནག་གཞུང་གིས་ཡ་ལན་མ་བྱས་པར་བརྟེན། ཕྱི་ཟླ་༨ ཚེས་༥ ཉིན་མི་མང་འདུ་འཛོམས་ཀྱིས་དགེ་འདུན་པར་རྒྱབ་སྐྱོར་གྱི་རེ་འདུན་ཞུས་ཡོད་འདུག

གྲྭ་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་རེ་འདུན་ནི། བླ་མ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དགོན་པར་ཕེབས་འཇུག་དགོས་པ་དང་། ཆབ་སྲིད་ཀྱི་ཉེས་མིང་འོག་གྲྭ་པ་རྣམས་དགོན་པར་ཞུགས་འཇུག་དགོས་སྐོར་བརྗོད་དེ། དེ་འདྲ་མ་བྱུང་ན་ཁོང་ཚོ་དགོན་པ་ནས་སྡོད་ཐབས་མེད་སྐོར་བརྗོད་འདུག

f6a4e585-70d6-4d0e-a3a6-adb46defccd8

ཕྱི་ཟླ་༨ ཚེས་༥ ཉིན་ནག་ཆུ་རྫོང་། སྟར་ཆེན་ཡུལ་ཚོ་དང་།  གེ་སོ་གྲོང་ཚོ་༡༦ གི་མི་མང་།  གཞན་ཡང་ཤག་ཆུ་དང་། ཟླ་ཐང་བཅས་ནས་ཁྱོན་མི་མང་༡༠༠༠ ལྷག་གིས་སྲིད་གཞུང་ལ་དགོན་པ་སྒོ་ཕྱེ་དགོས་པ་དང་། ཁྲིམས་འགལ་དུ་བརྩི་བཞིན་པའི་དགོན་པའི་གྲྭ་པ་དང་བླ་མ་རྣམ་པ་ཆ་རྐྱེན་གང་ཡང་མེད་པར་དགོན་པར་སྒྲིག་ཞུགས་ཆོག་པ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པའི་གནས་ཚུལ་འདུག སྲིད་གཞུང་གིས་དགོན་པ་བཅའ་སྡོད་རུ་ཁག་གི་ཁང་པའི་ནང་དུ་ཁུལ་དང་། རྫོང་རིམ་པ། ས་གནས་ཀྱི་ལས་བྱེད། བཅའ་སྡོད་ལས་བྱེད་མི་སྣ་མང་པོ་སླེབས་ནས་ཚོགས་འདུ་འཚོགས་ཡོད་འདུག་ཀྱང་། ད་ལྟའི་ཆར་ལ་ཚོཊ་འདུ་དེའི་འཇུག་འབྲས་དང་། ད་ལྟའི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་མེད་པ་རེད།།
གནས་ཚུལ་སྔོན་མ།

http://www.tibetexpress.net/bo/home/2010-02-04-05-37-19/10938-2013-08-05-11-41-02