ཅི་བྱེད་དོག་མི་བདེ་བའི་བུད་མེད།
མཛེས་ཉམས་ཏོག་ཙམ་ངོམས་ན་རྙོགས་དྲ་བསླང་བརྩིས་འདུག་ཟེར།
མདོག་ཉེས་ན་ནི་ཡ་བྱེད་མཁན་ཡང་མི་འདུག
གུ་ཡངས་ཏོག་ཙམ་བྱས་ན་ནི་སྨྱོན་པ་འདྲ་པོ་འདུག་ཟེར།
སྐད་ཆ་ཉུང་ཙམ་བྱས་ན་ནི་ན་ཚ་ཡོད་བཟོ་འདུག་ཟེར།
ཆང་ས་མ་བརྒྱབ་ན་ལྟ་མཁན་མ་རག་པ་རེད་ཟེར།
ཆང་ས་བརྒྱབ་ན་ནི་སྒེར་གྱི་རང་དབང་བརླག་སྲིད་པ་རེད།
ཁྱོ་བོ་རྫིག་པོ་ཞིག་ཡོད་ན་གཞན་གྱི་དགའ་པོར་འགྱུར་སྲིད།
ཁྱོ་བོ་རྫིག་པོ་མེད་ན་ནི་སོ་སོར་སྙིང་རེ་རྗེ།
ཕྲུ་གུ་མ་སྐྱེས་ན་བུད་མེད་ཚད་ལྡན་མ་རེད་ཟེར།
ཕྲུ་གུ་སྐྱེས་ན་ནི་ཨ་མ་ཚད་ལྡན་ཞིག་མ་རེད་ཟེར།
ལས་ཀ་མེད་དཔལ་འབྱོར་མ་སྒྲུབ་ན་ནུས་མེད་གཞན་གྱིས་གསོས་ཡོད་ཟེར།
མཛེས་བཟོ་ཏོག་ཙམ་བྱས་ན་ཟིང་བསླང་གི་འདུག་ཟེར།
མཛེས་མོ་མ་བཟོས་ན་ནི་མདོག་ཉེས་པ་ལ་ཟེར།
གྲོགས་ཕོ་མོ་མེད་ན་ནི་རང་གི་སྡུག་ངལ་ཡང་བཤད་ས་མི་རག
གྲོགས་ཕོ་མོ་མང་ན་ནི་འཆོལ་མོ་རེད་ཟེར།
བུད་མེད་ཀྱི་མི་ཚེའི་ནང་རང་ལ་དབང་བའི་དུས་ཚོད་ཅིག་མེད།
བུད་མེད་ཀྱི་བསམ་བློ་ཕ་མས་སྤྲོད་པ་རེད།
བུད་མེད་ཀྱི་ཕུང་པོ་ཁྱོ་བོར་དབང་པ་རེད།
བུད་མེད་ཀྱི་དུས་ཚོད་ཕྲུ་གུ་ལ་བཏང་པ་རེད།
བུད་མེད་སྒེར་ལ་དབང་བ་གཅིག་རང་ཡོད།
དེ་ནི་སོ་སོའི་ངོ་གདོང་ཐོག་གི་གཉེར་མ་དེ་དག་ཡིན།
བུད་མེད་ཟེར་བ་འདི་དངོས་གནས་དཀའ་ངལ་ཆེན་པོ་རེད་ཡ།
གྲོགས་པོ་ལགས
༼རྒྱ་ཡིག་ནས་བོད་བསྒྱུར་བྱས།༽