༧གོང་ས་མཆོག་གིས་ཀེ་རི་ལའི་གོད་ཆག་ལ་ཞལ་འདེབས་ཕུལ་བ།

༧གོང་ས་མཆོག་གིས་རྒྱ་གར་ཀེ་རི་ལའི་མངའ་སྡེའི་གོད་ཆགས་ལ་དཀའ་ངལ་སེལ་ཆེད་དུ་ཞལ་འདེབས་ཧིན་སྒོར་འབུམ་༡༠ དང་མངའ་སྡེའིབློན་ཆེན་ལ་ཐུགས་གསོའི་གསུང་འཕྲིན་བརྩལ་ཡོད་འདུག

68166_nདེ་ཡང་ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་ཀེ་རི་ལའི་དགོན་པ་ཞིག་ཏུ་ཁུལ་དེའི་ལོ་གསར་སྲུང་བརྩིའི་ཤོག་པག་འགྲེམས་སྟོན་བྱེད་སྐབས། ཤོག་པག་ཅིག་ཤོག་པག་མང་པོ་གསོག་འཇོག་བྱས་ནས་བཞག་ཡོད་སར་འབར་ནས། འབར་གས་ཤུགས་ཆེན་བྱུང་བ་དང་མེ་ཆེན་པོ་ཤོར་ནས། དགོན་པའི་ཁང་བརྩེགས་ཤིག་རྡིབས་ནས་མི་༡༡༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང། མི་༤༠༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། གོད་ཆག་འདིའི་འོག་རྐྱེན་འདས་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་རྨས་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།  རྨས་མ་རྣམས་ལ་སྨན་བཅོས་གང་ལེགས་གནང་བཞིན་ཡོད་པ་མ་ཟད། ངལ་སེལ་རོགས་སྐྱོབ་ཆེད་ངལ་བ་ཁྱད་བསད་གནང་དང་གནང་མུས་ཡིན་པ་ངོས་ཀྱིས་ཤེས་ཀྱང་སེམས་གསོ་མཚོན་སླད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངོས་ཀྱིས་ངལ་སེལ་རོགས་སྐྱོབ་ཆེད་ཞལ་འདེབས་ཕྲན་བུ་ཞིག་འབུལ་རྒྱུ་ཡིན། སྨོན་འདུན་ཤུགས་དྲག་དང་བཅས།  ཞེས་འཁོད་འདུག

༧གོང་ས་མཆོག་ནས་རྒྱ་གར་དང་འཛམ་གླིང་གང་སར་རང་བྱུང་གནོད་འཚེ་དང་གོད་ཆག་སོགས་བྱུང་སྐབས། ཐུགས་གསོའི་གསུང་འཕྲིན་དང་ཞལ་འདེབས་གནང་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།