རྩོམ་པ་པོ་ཞོགས་ལྗང་ཀློད་གྲོལ་ཐོབ་ཡོད་འདུག་
ཟླ་འདིའི་ཚེས་༡༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་ཞོགས་ལྗང་ངམ་འབྲུག་ལོ་རྒྱ་ནག་གི་བཙོན་འཇུག་འོག དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་འདུག
ཁོང་གློད་གྲོལ་སྐབས་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ནང་དུ་སླེབས་དུས། ནང་མི་ཐུག་ཏུ་ཕྱིན་ཡོད་པ་དང་། མུན་རུབ་རྗེས་རང་ཁྱིམ་དུ་འགྲོ་བཅུག་པ་དང་།བོད་ཁུལ་གྱི་ས་གནས་མང་པོ་ནས་ཆེད་དུ་འཚམས་འདྲི་ཞུ་རུ་བཅར་མཁན་མང་པོ་བྱུང་ཡོད་པ་རེད།
རྩོམ་པ་པོ་ཞོགས་ལྗང་ནི་༢༠༡༥ ལོའི་ཟླ་༣ ཚེས་༡༩ ཉིན་མཚོ་སྔོན་ཞིང་ཆེན་རེབ་གོང་ཁུལ་ཐོག་ནས་རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། ༢༠༡༦ ལོའི་ཟླ་༢ ཚེས་༡༧ ཉིན། ཁོང་གི་ཁྱིམ་མི་གཉེན་ཉེ་སོགས་གང་ཡང་མེད་པར་ཐུན་རིན་མི་མང་ཁྲིམས་ཁང་ནས་ཞོགས་ལྗང་གིས་༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་། ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ཉེས་མིང་འོང་༤ ལོ་༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།