༄༅།། འཛུམ་མདངས་ཀྱི་ཁེངས་བའི་རྡ་ས།

༄༅།།   འཛུམ་མདངས་ཀྱི་ཁེངས་བའི་རྡ་ས།
རྡ་སའི་ནགས་གསེབ་གྱི་ཁྲོད་ན་མཛེས་སྟུག་གི་ཁང་བརྩེགས་དུ་མ་ཞིག།། 
ང་ཚོའི་མིག་མདུན་དུ་སྣང་བཞིན་པའི་རྡ་སའི་རི་གྲོང་ནས་སྔར་ལས་
བརྟན་འཇགས་དང་ཁུ་སིམ་མེར་བཞུགས

།  འཚོ་བའི་ཁ་ཕྱོགས་ལ་ཕུགས་བསམ་བསྐྲུན་མཁན་རྡ་སའི་རི་གྲོང་
ཁྱེད་ནམ་ཡང་བརྗེད་མེད།   དགའ་སྐྱོ་དང་འབྱུང་འགྱུར་གླེང་སའི་རྡ་སའི་
རི་གྲོང་དང་གངས་ལྗོངས་
སྐྱིད་གཤོང་ལགས།  སེམས་ཀྱི་གསེང་ལམ་ན་ཉལ་བའི་རྡ་ས་དང་
སྐྱིད་གཤོང་
སོགས་ཀྱི་ལོ་རྒྱུས་འབྲི་བཞིན་ཡོད།   ཤར་ནུབ་སོགས་ཀྱི་མི་རིགས་སྤང་ལ་
སྣ་མང་གི་མེ་ཏོག་བཞད་པ་ལྟར།
འདི་ནི་རྡ་སའི་རི་གྲོང་གི་རྒྱུན་ལྡན་གྱི་ཁོར་ཡུག་ཞིག་དང་དྭངས་གཙང་གི་
རྣམ་པ་ངོ་མ་ཞིག་མཚོན་གྱིན་ཡོད།  སྣ་མང་གི་ཤེས་བྱ་དང་བོད་སྐད་དང་
དབྱིན་སྐད་སོགས་ཀྱི་ང་ཚོའི་
ཕུགས་བསམ་གླེང་བཞིན་གངས་ལྗོངས་གསར་བའི་ཕ་ཁྱིམ་དང་རེ་བ་
སྒྲུབ་བཞིན་ཡོད།  རྡ་སའི་ཆར་ཆུ་དང་ལྗང་མདོག་གི་ནགས་ལོ་
སོགས་ཀྱི་རྒྱུན་ལྡན་གྱི་ང་ཚོ་ལ་སེམས་གསོ་དང་སྙིང་སྟོབས་
སྤར་བཞིན་ཡོད།  རྡ་སའི་མཁའ་དབུགས་ཀྱི་དྲོ་གྲང་དང་དུས་བཞིའི་འགྱུར་བ་
རེ་རེས་
དུས་རབས་ཀྱི་གླེང་བརྗོད་དང་སྤྱི་ཚོགས་ཀྱི་འཕེལ་གྲུབ་གླེང་བཞིན་ཡོད།  རྡ་ས་ནི་ནམ་ཡང་བརྗེད་མི་སྲིད་རྡ་སའི་ང་ཚོ་ལ་བརྩེ་བའི་
དྲོད་ཕུག་ལ་རུམ་པ་ཐང་གཅིག་ག་ལ་ཡིན།  རྡ་སའི་དུངས་ཞེན་དྲོན་མོ་ལ་འཇུ་བཞིན་ཁྱེད་ཀྱི་བརྩེ་དུང་གི་
དྲོད་ཁོལ་གླེང་བཞིན་རྡ་སའི་འཛུམ་མདངས་ཀྱི་རེ་བསམ་དང་
ད་དུང་རྡ་སའི་སྐུ་ཚེ་མི་ནུབ་པར་ཡིན་དུ་བརྟན་ཤོག།།
གསེར་རྟའི་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་
བོད་ཀྱི་ཟློས་གར་ཚོགས་པའི་ཉེ་འགྲམ་ནས་སུག་བྲིས་བགྱིས་སོ།།  ༢༠༡༢  ༥  ༧