amdopanda@yahoo.com

གང་ཡིན་ཞེས་ན་རིག་གནས་གསར་བརྗེའི་ལས་འགུལ་ལ་ཁ་གཡར་ཏེ་བོད་ས་གནས་སྲིད་གཞུང་གི་གནའ་བོའི་གོམ་གཤིས་དང་སྤྱོད་ལུགས་ལ་འགག་རྒྱག་བྱས་ཏེ་གཞི་ནས་མི་རིགས་ས་ཁོང་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱ་དགོས་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཕུགས་དམིགས་རྒྱང་རིང་པོ་གཅིག་འཐེན་ཡོད་པ་དང་།  གཡོ་ཇུས་ཀྱི་ཆབ་སྲིད་འདི་ལག་བསྟར་བྱས་པ་བཟུང་སྐབས་དེའི་སྤྱི་ལོ་༡༩༦༢ལོའི་ཡས་མས་དེ་ལ་མདོ་སྨད་ཀྱི་ས་ཆ་གང་ས་ནས་འཚོ་བའི་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་སྟེ་ལྟོག་ཤི་ཐེབས་པའི་མི་གྲངས་མང་པོ་བྱུང་ཡོད་འདུག  གུས་པའི་ཕ་མ་གཉིས་ནས་མཐོང་ཚུལ་ལྟར་ན་སྐབས་དེའི་དེར་ལོ་བཅོ་ལྔ་ཡན་གྱི་ན་གཞོན་ཕོ་མོ་ཚང་མ་ཞོགས་པའི་སྐྱ་རེངས་ཤར་མ་ཐག་ཏུ་མལ་ནས་ལངས་ཏེ་ཐོན་སྐྱེད་རུ་ཁག་ཏུ་ལས་ཀར་འགྲོ་དགོས་པ་དང་།  ད་དུང་རྗེས་མ་ཟིན་པའི་གནས་ཚུལ་བྱུང་ན་ལས་ཀའི་སྐར་གྲངས་ཀྱི་ཆད་པ་གཅོད་པའམ་ལས་ཀ་ལྗིད་མོ་སྤྲོད་པ་སོགས་ཀྱི་གནས་ཚུལ་ནམ་རྒྱུན་ཡོད་པ་རེད།  ཉིན་གང་ལས་ཀར་སོང་སྟེ་དགུང་དྲོད་ཐོན་སྐྱེད་རུ་ཁག་ནས་རྩམ་ཐུག་ཆུ་འདྲ་བོ་གཅིག་བཀོལ་ཡོད་པ་དེ་མི་རེ་ལ་ཕོར་བ་གང་རེ་མ་གཏོགས་མེད་པ་དང་།  ད་དུང་ཐབས་ལས་བྱེད་མི་དེ་ཚོའི་རྣམ་འགྱུར་དང་སྤྱོད་པ་སྡུག་དྲག་ནས་ཕོར་བའི་ནང་དུ་ཡག་པོ་གཅིག་བླུགས་ཀྱི་མི་འདུག  རེད་ཡ།  གྲོགས་པོ་ལགས་མིའི་རིགས་ལ་འདི་འདྲའི་མནར་གཅོད་བཏང་ན་ཅི་བཤད་དང་དུ་མི་ལེན་ཐབས་མེད་རེད།  གལ་སྲིད་ངོ་ལོག་རྒྱག་རྒྱུའི་བསམ་པ་ཙམ་ཡོད་རུང་རང་ཉིད་གཅིག་བུ་མིན་པ་དང་།  སོ་སོའི་ཕ་མ་དང་། སྤུན་ཉེ།  བཟའ་ཚང་ད་དུང་བུ་ཕྲུག་བཅས་ཡོད་པས་འདི་དག་ཐམས་ཅད་བཞག་ནས་སུ་ཞིག་འགྲོ་ཕོད་དམ།