༧གོང་ས་མཆོག་གི་འཁྲུངས་གཞིས་ཉམས་གསོ་བྱ་འཆར།

རྒྱ་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་རྒྱུའི་ལས་གཞིའི་འོག་བོད་ཀྱི་ས་ཁུལ་མང་པོར་ལས་ཞིག་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་ལྟར། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་འཁྲུངས་ཡུལ་སྟག་མཚེར་གྲོང་ཚོར་ཡང་ལས་གཞི་དེ་སྤེལ་ཏེ་སྔོན་གྱི་འཁྲུངས་ཡུལ་གྱི་རྣམ་པ་དེ་མེད་པ་བཟོ་འཆར་ཡོད་འདུག

Read more

བོད་མི་ཞིག་ལ་ལོ་གཉིས་རིང་དུས་བཀག་ཁྲིམས་ཆད།

ཟླ་ འདིའི་ཚེས་༢༣ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༦ ཉིན་ཏེ། ཁམས་འབྲི་རུ་ནས་ཡིན་པའི་དགུ་འགྲུབ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་ མེར་སྲེག་བཏང་ནས་ཉིན་གཉིས་ཀྱི་རྗེས། དགུ་འགྲུབ་ཀྱི་ཚ་བོ་བཀྲ་ཤིས་ཆོས་དབང་དང། ཨ་བུ་བསོད་ནམས་གཉིས་དང་ལྷན་དུ་མི་འགའ་ཞིག་འཇུ་བཟུང་བྱས་ཡོད་འདུག་པའི་ནང་ནས། འབྲི་རུ་རྫོང་འབྲི་རུ་ཡུལ་ཚོ། མོ་པ་གྲོང་ཚོ་ནས་ཡིན་པ། ནམ་རྒྱུན་ལྷ་སར་གནས་སྡོད་བྱེད་མཁན། ཨ་བུ་བསོད་ནམས་ཀྱི་ཨ་ཁུ་རྡོ་རྗེ་ཞེས་པ་འཇུ་བཟུང་བྱས་ཏེ་ད་ལྟ་ལྷ་སའི་ཉེ་ འགྲམ་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པའི་བཙོན་ཁང་ཞིག་ནང་ལོ་གཉིས་ཀྱི་ ཁྲིམས་ཐག་བཅད་ཡོད་འདུག་ཅིང། ཁྲིམས་ཐག་བཅད་པའི་ཚེས་གྲངས་སོགས་ཁ་གསལ་ཤེས་རྟོགས་མི་ཐུབ་པ་མ་ཟད། རོགས་པ་གཞན་རྣམས་ཀྱི་མིང་དང་ལོ་གྲངས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ ཕྲ་ཤེས་རྟོགས་གང་ཡང་མེད་པ་རེད། 

Read more

རྒྱ་བོད་བར་དུ་ཐག་གཅོད་དོན་ཕན་ལྡན་པ་ཞིག་མ་བྱུང་བར་རང་བཙན་རྩོད་དགོས།

རྒྱ་བོད་བར་གྲོས་མཐུན་དོན་ཚོན་བཅུ་བདུན་ ཞེས་པ་བཙན་འོག་ནས་བཞག་སྟེ་ལོ་༦༣ ཟིན་ལ་ཉེ་བ་དང་། རྒྱ་གཞུང་གི་དབང་བསྒྱུར་ལ་རྒྱལ་ས་ལྷ་སར་མི་མང་གིས་ངོ་རྒོལ་ཡར་ལངས་བྱས་ཏེ། ལོ་ངོ་༥༥ འཁོར་བའི་སྐབས་འདིར་ཡང་།

Read more

རྒྱ་གར་ལྡེ་ར་ལྡུན་གཞིས་ཆགས་ཁག་གི་འཚོ་རྟེན་གཙོ་བོ་དགུན་ཚོང་རེད།

ཉེ་ཆར་འདི་གའི་གསར་འགོད་པ་ས་གནས་སུ་སོང་སྟེ་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལ། བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས།

Read more

དཀོན་མཆོག་ཚེ་བརྟན་གྱིས་རང་ལུས་མེར་སྲེག་གི་རྒྱ་རྒོལ།

དེ་རིང་། ངའི་ཕ་མ་གཅིག་གི་སྲིང་མོ་སྒྲོལ་མ་མཚོ་ལགས་སུ་རྒྱ་གཞུང་གིས་ཟླ་བ་བཅུ་གཅིག་རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པ་མ་ཟད། རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ཏེ་ལོ་གསུམ་ལ་ཁྲིམས་ཐག་ཀྱང་བཅད་འདུག།

Read more

ཁམས་དཔལ་ཡུལ་དགོན་པའི་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ།

ཟླ་ ༡༠ ཚེས་༡༢ ཉིན་བོད་ཁམས་དཀར་མཛེས་ཁུལ། དཔལ་ཡུལ་རྫོང་ཁོངས་སུ་ཡོད་པའི་སྔ་འགྱུར་རྙིང་མ་པའི་མ་དགོན་ཆེན་པོ་དྲུག་གི་ ཡ་གྱལ་དཔལ་ཡུལ་མ་དགོན་གྱི་བཤད་གྲྭའི་ནང་སློབ་གཉེར་བྱེད་བཞིན་པ་ཁམས་ནག་ཆུ་ས་ ཁུལ། སོག་རྫོང་གི་གྲྭ་སྐལ་བཟང་ཆོས་དར་དཔལ་ཡུལ་རྫོང་གི་ཁྲོམ་ལ་འགྲོ་སྐབས་གློ་བུར་ དུ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

Read more

ཁམས་འབྲི་རུའི་རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོཊ་པོ་འཇུ་བཟུང་།

འབྲེལ་ ཡོད་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་བཏང་གསལ་ལྟར་ན། བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་ རྒྱལ་མཚན་ནམ་པིར་མིང་ལ་ཞོགས་དྲིལ་དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱ་གཞུང་གི་རྫོང་ཉེན་རྟོག་པས་འཇུ་བཟུང་ བྱས་འདུག

Read more

ཨ་དཀོན་རིན་པོ་ཆེ་རྒྱ་ནག་ཁྲིན་ཏུའུ་རུ་སྐུ་བཀྲོངས་པ།

རྒྱ་ནག་མི་དམངས་ཉིན་རེའི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༣ ལོའི་ཟླ་༡༠ པའི་ཚེས་༨ ཉིན་གྱི་སྔ་དྲོར། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ཡི་བོད་མི་འདུས་སྡོད་ས་ཁུལ་ཝུ་ཧོ་སི་རུ་བོད་མི་གསུམ་དམར་གསོད་བཏང་བའི་དོན་རྐྱེན་ཞིག་བྱུང་ཡོད་པ་དང་། ཉེན་རྟོག་པས་རྩད་གཅོད་བརྒྱུད་དོགས་ཡོད་ཉེས་ཅན་པ་མི་གསུམ་འཛིན་བཟུང་བྱས་ཡོད་པ་དང། ཁོང་གསུམ་གྱིས་ད་ལྟའི་ཆར་ལག་དམར་ཡིན་པ་ཁས་ལེན་བྱས་མེད་ཚུལ་ཡང་གནས་ཚུལ་ཡོང་ཁུངས་དེར་འཁོད་འདུག

Read more

འབྲི་རུའི་མི་མང་ལ་དྲག་གནོན་དང་ཁྲིམས་ཆད།

ཟླ་༩ ཚེས་༣ ཉིན་ནག་ཆུ་འབྲི་རུ་རྫོང་དུ་ལྗོངས་ས་ཁུལ་ཁག་གི་གོ་སྒྲིག་བྱས་པའི་དམངས་་ཁྲོད་ ཆབ་སྲིད་དྲིལ་བསྒྲགས་ཚོགས་ཆུང་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཟློས་གར་འཁྲབ་སྟོན་སྐབས། བོད་ནི་རང་དབང་རང་བཙན་སྐད་འབོད་བྱེད་མཁན་འབྲི་རུ་རྫོང་ཚ་ཆུ་ཡུལ་ཚོ། གདོང་ལ་རུ་མདོའི་གྲོང་མི་ལོ་༦༨ ཅན་གྱི་རྒས་པོ་ཟླ་གཡང་ལ། ཉེ་ཆར་རྒྱ་གཞུང་གིས་ལོ་གཉིས་དང་ཟླ་བ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ༢༠༡༣ ཟླ་བ་༡༠ ཚེས་༧ ཉིན་ལྷ་སའི་སྨན་ཁང་དུ་ཉེན་རྟོག་པའི་ལྟ་སྲུང་དམ་པོའི་འོག་ལ་སྨན་བཅོས་འབྱོར་ཡོད་པའི་གནས་ཚུལ་འདུག

Read more

ཁམས་འབྲི་རུ་རྫོང་གི་བོད་མི་ཞིག་འཛིན་བཟུང་།

ཟླ་༡༠ ཚེས་༦ ཉིན་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁམས་ནག་ཆུ་ཁུལ། འབྲི་རུ་རྫོང་ཟླ་ཐང་ཡུལ་ཚོ། གཡང་ཐང་གྲོང་ཚོ་བཞི་པ་ནས་ཡིན་པའི་བུ་རྡོ་རྗེ་དྲག་རྩལ་ཟེར་བ་ནག་ཆུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

Read more