Author: tenzin

ད་བར་འཛམ་གླིང་གི་ཡང་རྩེ་སྟེ་ཧི་མ་ལ་ཡར་གནས་པའི་བོད་ཀྱི་རིག་གནས་དེ་ད་ནས་རི་བོ་ཐང་ཧྲན་གི་རི་ངོགས་ནས་ཤར་ལ་འདྲེད་བརྡབ་ཤོར་རྒྱུའི་སྔ་ལྟས་སུ་མཐོང་།

ཡེ་ཤེས་རྡོ་རྗེ། བོད་ཀྱི་ནང་ཆོས་དང་བོད་ཀྱི་རིག་གནས། བོད་མིའི་ངོ་བོ་ཞེས་པ་ནི་ཤར་ཨེ་ཤི་ཡའི་ནང་ཆོས་དང་རིག་གནས་དེ་བཞིན་ངོ་བོ་བཅས་དང་མ་འདྲེས་པར་ཟུར་དུ་གནས་ཡོད། འདི་ནི་བོད་ཀྱི་རིག་གནས་ཐོག་རྒྱ་ནག་གི་རིག་གནས་ཀྱི་ཤུགས་རྐྱེན་ཆུང་བའི་བཀའ་དྲིན་ལས་བྱུང་བ་ཞིག་རེད། གལ་ཏེ་བོད་ཀྱི་ནང་ཆོས་འདི་རྒྱ་ནག་ནས་བསྒྱུར་ཡོད་ན། ང་ཚོའི་ངོ་བོ་དང་རིག་གནས་ཀྱང་ཝི་ཏི་ནམ་དང་ཀོ་རི་ཡ་སོགས་རྒྱ་ནག་ནས་ནང་ཆོས་ཆད་པའི་རྒྱལ་ཁབ་ཚོའི་རྣམ་པ་དང་ཕལ་ཆེར་གཅིག་པ་ཆགས་རྒྱུ་རེད། བོན་གྱི་བཀའ་དྲིན་གྱིས་ང་ཚོ་ལ་ཕྱིའི་རྣམ་པའི་རིག་གནས་ཐོག་རྒྱ་ནག་ལས་ཅུང་མི་འདྲ་བའི་ངོ་བོ་ཕྲན་བུ་ཡོད་སྲིད་མོད། འོན་ཀྱང་རྩོམ་རིག་སྒྱུ་རྩལ་དང་། ཀླད་པ་ཁ་ལོ་སྒྱུར་མཁན་གྱི་བརྡ་ཆད།

རྒྱས་པར་གཟིགས།

སྐྱབས་བཅོལ་ནང་གི་ཡང་བཅོལ། 

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༩ ཆེད་བརྗོད། རྒྱ་དམར་དྲག་པོའི་གཞུང་གིས་བོད་ལ་བཙན་འཛུལ་དང་ཡོངས་སུ་ཧམ་བཟུང་བྱས་ནས་མི་ལོ་༦༥ ཙམ་གྱི་རིང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་དུ་འབྱོར། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་གྱི་ཡུལ་གྲུ་མང་པོ་ཞིག་ལ་སྐྱབས་བཅོལ་ནས་ཡང་བཅོལ་དུ་འགྲོ་འདོད་ཡོད་པའི་བོད་མི་མང་པོ་ཡོད། བོད་མི་ཁག་ཅིག་བཙན་བྱོལ་ལ་ཐོག་མ་འབྱོར་བའི་ལོ་ཤས་རྗེས་བཙན་བྱོལ་བོད་གཞུང་གིས་སུད་སིའི་རྒྱལ་ཁབ་ལ་སྐྱབས་བཅོལ་དུ་བཏང་། དེའི་རྗེས་སུ་ལོ་རབས་དགུ་བཅུ་པའི་ནང་ཨ་རིར་བོད་མི་ཆིག་སྟོང་སྐྱབས་བཅོལ་དུ་བཏང་ཞིང་། ཕྱིས་སུ་ཁེ་ན་ཌར་ཡང་བོད་མི་ཆིག་སྟོང་གཞུང་འབྲེལ་གྱིས་སྐྱབས་བཅོལ་དུ་བཏང་།

རྒྱས་པར་གཟིགས།

 ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་ཨི་སི་རེལ་གྱིས་བརྗོད།

ད་ཆར་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དུ་དམག་འཁྲུག་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་འདུག་པ་དང་། ཉེ་ཆར་ཨི་སི་རེལ་གྱིས་ཧ་མ་སིའི་འགོ་དཔོན་གཙོ་གྲས་ཤིག་ཨི་རན་གྱི་ས་ཐོག་ཏུ་བསད་པར་བརྟེན། ཨི་རེན་གྱིས་ཁོང་ཚོའི་ས་ཐོག་ཏུ་ཨི་སི་རེལ་གྱིས་ཁྲིམས་འགལ་ཐོག་ནས་ཁོང་ཚོའི་མགྲོན་པོ་བསད་པ་ནི་ཧ་ཅང་གིས་ཉེན་ཚབས་ཆེན་པོ་ཡིན་པར་བརྗོད་ནས། ད་ཆར་ཨི་སི་རེལ་གྱི་གསང་བའི་ལས་ཁུངས་ནས་ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྗོད་ཡོད་འདུག  ཕྱི་ཚེས་༡༢ ཉིན་རྒྱ་གར་(wion)གསར་ཁང་གིས་བརྗོད་དོན་ལ། ཨི་རན་གྱིས་ཨི་སི་རེལ་ལ་དེ་སྔོན་ཧ་མ་སིའི་འགོ་པ་གཙོ་གྲས་ཤིག་ཨི་རན་གི་ས་ཐོག་ཏུ་ལྐོག་གསོད་བཏང་བར་བརྟེན། དེ་ནི་བཟོད་ཐབས་མེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་རྒོལ་ལན་སློག་དགོས་པ་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཀྱིས་བརྗོད་པ་ལྟར།

རྒྱས་པར་གཟིགས།

དབྱིན་ཡུལ་སྐུ་ཚབ་དོན་དཔྱོད་ནས་རྒྱ་དཔོན་ཝིག་ཊོར་གའོ་དྲི་བ་དྲིས་པ།

འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་། རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་རྒྱ་ནག་གི་གནས་བབ་བརྟན་པོ་བཟོས་ཡོད་ན་ཡང། རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་དང་དམག་དོན་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། རྒྱལ་ཁབ་ཁག་གི་འགལ་ཟླ་ཇེ་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་དངངས་སྐྲག་དེ་སྔར་ལས་ཆེ་རུ་འགྲོ་བཞིན་པ་མ་ཟད། བོད་དང་ཡུ་གུར་དེ་བཞིན་ཧོང་ཀོང་སོགས་ལ་མི་སྤྱོད་ལས་འདས་པའི་བཙན་གནོན་དང་། རྒྱ་ནག་གི་ནང་ཁུལ་དུ་ཡང་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་བྱེད་ཀྱི་ཡོད་པར་བརྟེན། ཉེ་ཆར་(Al Jazeera)

རྒྱས་པར་གཟིགས།

རྒྱ་གཞུང་གིས་མི་མང་ཁྲོད་དུ་ཐའེ་ཝན་འགོ་ཁྲིད་དག་ལ་སྡང་ཟུག་ཇེ་ཆེར་གཏོང་ཐབས་བྱེད་ཀྱི་ཡོད་འདུག

རྒྱ་ནག་གིས་ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཐའེ་ཝན་དེ་རྒྱ་ནག་ལས་ཁ་བྲལ་གཏོང་ཐབས་སུས་བྱེད་ཀྱི་ཡོད་ཀྱང་དགྲ་རུ་འཛིན་གྱི་ཡོད་པར་རྗོད་བཞིན་པ་ལྟར། ད་ཆར་ཐའེ་ཝན་གྱི་འགོ་ཁྲིད་མང་པོ་ཞིག་ལ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་སྐྱོན་བརྗོད་དང་དམའ་འབེབས། སྲོག་ཁྲིམས་ཕོག་ཡོད་ཚུལ་སོགས་ཀྱི་ལས་འགུལ་ཞིག་སྤེལ་ནས་རྒྱ་ནག་གི་མི་མང་ཁྲོད་འགོ་ཁྲིད་དེ་དག་ལ་སྡང་ཟུག་ཇེ་ཆེར་གཏོང་གི་ཡོད་འདུག  ཕྱི་ཚེས་༡༠ ཉིན་(firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གི་ཐའེ་ཝན་ལས་དོན་ཁང་དང་མི་མང་བདེ་འཇགས་ལྷན་ཁང་ཟེར་བས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དྲྭ་ཚིགས་མང་པོ་ཞིག་ཁྱབ་སྤེལ་བྱས་ཡོད་འདུག་པ་དང་། དྲྭ་ཚིགས་དེ་དག་གི་ཐོག་ཐའེ་ཝན་གྱི་འགོ་ཁྲིད་ཟུར་པ་དང་ད་ལྟའི་ལས་ཐོག་འགོ་ཁྲིད་བཅས་ཁྱོན་༡༠ ལ་ཐའེ་ཝན་རྒྱ་ནག་ལས་ཁ་བྲལ་གཏོང་ཐབས་བྱེད་མཁན་གྱི་གཏེ་དཔོན་དག་ཡིན་པས།

རྒྱས་པར་གཟིགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་གྲོལ་འདུག

རྒྱ་གར་བྱང་ཤར་ཁུལ་འབྲས་ལྗོངས་སུ་འཚོགས་པའི་གཞོན་ནུའི་ཚོགས་ཆེན་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོངས་དོན་བཞིན་གྲོས་གཞི་དོན་ཚན་དགུའི་ཐོག་གཙོ་བོ་བགྲོ་གླེང་གནང་ཡོད་འདུག  ཟླ་འདིའི་ཕྱི་ཚེས་༦ ཉིན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༤ པ་དེ་འཚོགས་ཡོད་པ་དང་། དུས་མཚུངས་ལོ་རེའི་མཚམས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བཅས་ལྷན་དུ་དུས་ཡུན་ཉིན་ལྔའི་རིང་འཚོགས་ཡོད་འདུག ཐེངས་འདིའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་གཞུང་གྲོང་གསེབ་བཟོ་ལས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་བྷོ་ཊི་ཡ་ཆུང་ཆུང་ལགས་དང་། དམིགས་བསལ་སྐུ་མགྲོན་འཕགས་བོད་མཛའ་འབྲེལ་ཚོགས་པའི་དབུས་རྒྱུན་ལས་ རུདྷ་ར་ པའོ་ཌིཡཱལ་

རྒྱས་པར་གཟིགས།

བཙན་བྱོལ་བོད་མིིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་གྲོལ། 

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ལུ་དྷི་ཡ་ནར་འཚོགས་འདུག་པ་དང་། དུས་ཡུན་ཉིན་གྲངས་གསུམ་རིང་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་ཡོད་འདུག ཕྱི་ཟླ་༨ ཚེས་ ༨ ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་རྒྱ་གར་པན་ཇཱབ་མངའ་སྡེའི་ལུ་དྷི་ཡ་ནར་དབུ་འཛུགས་གནང་བ་དང་། ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཕེབས་གནང་ཡོད་འདུག་ལ། གཞན་ཡང་ཧིན་བོད་བལ་གོས་ཚོང་ལས་ཀྱི་ཚོགས་གཙོ།

རྒྱས་པར་གཟིགས།

བོད་ནང་གི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མདོག་གསུམ་མཚེའུ་དང་འཁྱག་རོམ་ཕུག་པ། 

ཕྱི་༨ པའི་ཚེས་༡ ཉིན་བོད་ནང་གི་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་གི་ཁོངས་གཏོགས་སུ་ཡོད་པའི་མཚེའུ་གསུམ་དང་འཁྱག་རོམ་རིམ་པ་གཉིས་ཅན་གྱི་ཕུག་པ་ཞིག་ལ་འཛམ་གླིང་ཐོག་གི་ས་བབ་ཆེས་མཐོ་བའི་མདོག་གསུམ་མཚེའུ་དང་། བོད་ནང་གི་གཞི་རྒྱ་ཆེ་བའི་འཁྱག་རོམ་ཕུག་པའི་ནང་གི་གཅིག་བཅས་ཀྱི་འཛམ་གླིང་གི་ཟིན་ཐོའི་དཔང་ཡིག་ཐོབ་ཡོད་འདུག  བར་ཐག་ཉེ་བའི་མཚེའུ་གསུམ་གྱི་མདོག་ནི་སེར་པོ་དང་ནག་པོ། སྔོན་པོ་བཅས་ཡིན་འདུག་ལ། འཁྱག་རོམ་གྱི་ཕུག་པ་རིམ་པ་གཉིས་ཅན་དེའི་ནང་དུ་དུང་དཀར་དབྱིབས་ངོ་མཚར་བ་ཞིག་ཀྱང་ཡོད་འདུག གཞན་ཡང་ཉེ་ཆར་སྙན་གྲགས་ཆེ་བའི་ཚན་རིག་ལོ་དེབ་དང་གནའ་དཔྱད་རིག་པ་སོགས་ཀྱི་བརྒྱུད་ལམ་ཁག་མང་པོའི་ཐོག་འཛམ་གླིང་ཐོག་གི་ཆེས་རྙིང་ཤོས་ཡིན་པའི་བོད་ཀྱི་རྡོ་ཁབ་སྐོར་བཀོད་དང་འགོད་བཞིན་འདུག བོད་ཀྱི་རྡོ་ཁབ་དེ་༢༠༢༠

རྒྱས་པར་གཟིགས།

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཕྱིར་བསྒྲགས་བྱས། 

ཕྱི་ཟླ་༨ ཚེས་༦ ཉིན་ལྕམ་ཀ་མ་ལ་ཧ་རི་སི་ཡིས་ཨ་མི་རི་ཀའི་མི་ནི་སོ་ཊ་མངའ་སྡེའི་སྲིད་སྐྱོང་བོད་དོན་རྒྱབ་སྐྱོར་བ་ཊིམ་ཝལ་ཛི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་སྐོར་གསལ་བསྒྲགས་སྤེལ་འདུག ཁོང་ནི་ཨ་རིའི་དམག་མི་ཟུར་པ་ཞིག་དང་ངལ་རྩོལ་ཚོགས་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དེ་བཞིན་མི་ནི་སོ་ཊ་མངའ་སྡེའི་ནང་མང་གཙོ་ཚོགས་པའི་གྲོས་གཞི་ལག་ལེན་བསྟར་རྒྱུར་ཕྱག་རོགས་གནང་མཁན་ཞིག་ཡིན་འདུག དེ་སྔོན་ཁོང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་སྐབས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྐབས་དེར་ཁོང་ནི་དེའི་མཐོ་རིམ་རྒྱུན་ལས་ཚོགས་མི་ཡིན་འདུག་ཅིང་། དེ་དུས་ཁོང་གིས་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཚོས་སོ་སོའི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཀྱི་ཆེད་འཐབ་རྩོད་བྱེད་བཞིན་པ། རྒྱ་གཞུང་གིས་༧གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་བརྩི་བཀུར་བྱེད་ཀྱི་མེད་པ་སོགས་བརྗོད་འདུག༢༠༡༦

རྒྱས་པར་གཟིགས།