བལ་ཡུལ་དུ་དམིགས་བསལ་རིས་མེད་བཙུན་མའི་བགྲོ་གླེང་ཆེན་མོ་འཚོགས།
ཕྱི་ཚེས་༡༩ ཉིན་བོད་མིའི་སྒྲིག་འཛུགས་གཙོས་པའི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ཧི་མ་ལ་ཡ་ནང་པའི་དཔེ་མཛོད་དང་ལེགས་བྱང་བསྟི་གནས་ཁང་གི་གོ་སྒྲིག་འོག བལ་ཡུལ་བོད་བརྒྱུད་ནང་བསྟན་རིས་མེད་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་ལས་འདི་ལོར་དམིགས་བསལ་རིས་མེད་བཙུན་མའི་བགྲོ་གླེང་ཆེན་མོ་ཞེས་པའི་མཚན་བྱང་ཐོག་ཀོ་པཎ་བཙུན་དགོན་དུ་འཚོགས་འདུག་པ་དང་། ཐེངས་འདིར་བལ་ཡུལ་ནང་གི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཙུན་མའི་དགོན་སྡེ་ཁག་གི་བཙུན་མ་རྣམ་པ་མཉམ་ཞུགས་ཀྱིས་བརྗོད་གཞི་བདེན་པ་བཞིའི་སྒོ་ནས་གཏམ་བཤད་དང་བགྲོ་གླེང་སོགས་གནང་ཡོད་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་། དམིགས་གསལ་སྐུ་མགྲོན་བལ་ཡུལ་སྐུ་ཚབ་དོན་གཅོད།
རྒྱས་པར་གཟིགས།