ཨ་རིའི་ནེའུ་ཡོག་ཏུ་བོད་རང་བཙན་འབོད་ཚིག་བསྒྲགས་མི་ཆོག་པའི་རྩོད་གླེང་།
ཨ་རིའི་ནེའུ་ཡོག་ཏུ་བོད་མིའི་གསུམ་བཅུའི་དུས་དྲན་ལས་འགུལ་སྤེལ་བཞིན་པའི་སྐབས། རང་བཙན་འབོད་ཚིག་བསྒྲགས་ཆོག་མིན་དང་། རང་བཙན་གྱི་འཕྲེད་དར་འཕྱར་ཆོག་མིན་སྐོར་ལ་བོད་མི་ནང་ཁུལ་རྩོད་གླེང་བྱུང་ཡོད་འདུག
འདི་ལོར་ཨ་རི་ནིའུ་ཡོག་ནས་གསུམ་བཅུའི་དུས་དྲན་ལས་འགུལ་གོ་སྒྲིག་བྱེད་མཁན་ཨ་རིའི་ནེའུ་ཡོག་དང་ནེ་རྗར་སི་བོད་རིགས་ཚོགས་པ་དང། ས་གནས་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ས་གནས་བུད་མེད་ཚོགས་པ་བཅས་ཡིན་པ་དང་། ཨ་རིའི་ནུའུ་ཡོག་བོད་རིགས་ཚོགས་པའི་ངོ་དེབ་ཐོག “དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་ལས་འགུལ་ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པ་འབྱུང་ཐབས་སུ་ཚང་མས་ངག་གི་སྐད་འབོད་ཞི་འཇམ་དང་། ལུས་ཀྱི་སྤྱོད་ལམ་དལ་པོ་དགོས་”སྐོར་དང་། “གོ་སྒྲིག་ཚོགས་ཆུང་གིས་གཏན་འབེབས་གོ་སྒྲིག་ཞུས་པའི་བརྗོད་ཚིག་དང་མི་མཐུན་པའི་འཕྲེད་དར་དང་། དར་ཆ། སྦྱར་པང་གི་རིགས་མི་སྒེར་རམ། ཚོགས་པ་སྐྱིད་སྡུག་སུ་འདྲ་ཞིག་ནས་ཀྱང་མཉམ་འཁྱེར་མི་དགོས་པའི་འབོད་བསྐུལ་ནན་ཏན་ཞུ་རྒྱུ་ཡིན།”ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
གནས་ཚུལ་ཤེས་རྟོག་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༡༠ ཉིན་ཨ་རིའི་ནེའུ་ཡོག་གི་ལས་འགུལ་དངོས་གཞིའི་སྐབས། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་མི་སྒེར་པ་སོགས་ཀྱིས་རང་བཙན་གྱི་འབོད་ཚིག་བསྒྲགས་པ་དང་། རང་བཙན་གྱི་འཕྲེད་དར་འཕྱར་ཡོད་པར་བརྟེན། གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ཚོས་ལས་འགུལ་ནང་དེ་ཚོ་ཁྱེར་ན་འགྲིག་གི་མེད་སྐོར་བརྗོད་དེ། ཕན་ཚུན་རྩོད་གླེང་བྱུང་བར་བརྟེན། གོ་སྒྲིག་པའི་ངོས་ནས་ཨ་རིའི་ཉེན་རྟོག་པ་སྐད་གཏོང་གི་ཡིན་སྐོར་བརྗོད་ཡོད་འདུག
ཨ་རིའི་ཉེན་རྟོག་པས་ཁྱེད་ཚོ་རྒྱག་རེས་བརྒྱབ་ཆོག་གི་མ་རེད། དེ་མིན་དགོས་འདུན་གྱི་འབོད་ཚིག་ཨ་རིའི་རྒྱལ་ཁབ་ནང་སྒྲོག་ཆོག་གི་རེད་ཅེས་བརྗོད་ནས་སྐབས་དེར་བཀག་འགོག་བྱས་མེད་ནའང་། རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་རུ་སྐད་འབོད་བྱེད་དུ་འགྲོ་སྐབས། བསྐྱར་དུ་ལས་འགུལ་བའི་ནང་རྩོད་གླེང་ཤོར་དེ། རང་བཙན་འབོད་ཚིག་སྒྲོག་མཁན་ཚོ་རྒྱལ་ཚོགས་མདུན་དུ་འགྲོ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།
#march10. Rtycnynj president Ngawang Palden who is the son-in-law of Rinchen Darlo asked the police officers to separate those carrying "Free Tibet" signs from the rest of the group of marchers. He was then told by the police officers that it is illegal in this country to stop or arrest people for "Free Tibet" slogans or placards. This video shows the incident.
Posted by Tenzin Wangdu Rangzen on 10 मार्च 2015